མིང༌། བ་རི་ཟླ་བ་ཚེ་རིང་། 

ཕྱི་ལོ་ ༡༩༩༣ ལོ་ནས་ ༢༠༢༥ བར་ལོ་ ༣༢ རིང་གཞུང་ཞབས་བྱས། དེའི་ནང་ལོ་ ༡༤ རིང་རྒྱ་རིགས་ལ་བོད་དོན་ངོ་སྤྲོད་དང་། རྒྱ་ཡིག་གི་དྲ་རྒྱ་དང་དུས་དེབ་གསར་བཟོ་བྱས།དེ་ནས་ལོ་ ༡༣ ཙམ་ཐའེ་ཝན་དོན་གཅོད་བྱས་སྐབས། ༸གོང་ས་མཆོག་མཚན་སྨད་ཞུ་མཁན་དང༌། བོད་རྒྱུད་ནང་ཆོས་རྫུན་མའི་རྒྱ་མི་ཆོས་ཚོགས་ཁག་བར་ལོ་མང་ཁྲིམས་གཏུག་ནས་རྒྱལ་ཏེ་ཚགས་ཤོག་ཐོག་དགོངས་སེལ་གསལ་བསྒྲགས་སྤེལ་བཅུག ཁྲིམས་མཐུན་ཚད་ལྡན་གྱི་གངས་ལྗོངས་དཔར་སྐྲུན་ཁང་གསར་འཛུགས་ཀྱིས་བོད་དོན་གྱི་དེབ་ ༤༠ ལྷག་དཔར་སྐྲུན་དང་རྒྱ་ཡིག་དུས་དེབ་འགྲེམས་སྤེལ་བྱས། བོད་སོག་ལས་ཁང་སྒོ་རྒྱག་ཐུབ་པ་དང་བོད་རྒྱུད་ནང་ཆོས་མཐུན་ཚོགས་གསར་གཛུགས་བྱས་པ་སོགས། ལོ་ ༤ ཙམ་ TPI འགན་འཛིན་དང་ལོ་ ༢༢ རིང་བོད་རྒྱ་ཞི་མོལ་ཚོགས་ཆུང་གི་ཚོགས་མི་བྱས།

རྩོམ་རིགས་ཐད། རྒྱ་བོད་གཉིས་ཐོག་ཆུ་བཞི་སྒང་དྲུག་གཙོས་བཙན་རྒོལ་དམག་འཁྲུག་གི་ལོ་རྒྱུས་སྐོར་ཤོག་ངོས་༨༣༠ ཅན། (ཟུངས་ཁྲག་གི་མཆོད་པ།) དང་ཤོག་ངོས་ ༥༦༠ ཅན་ (བོད་ཀྱི་མི་འབོར་འཕེལ་འགྲིབ་ལོ་རྒྱུས་མེ་ལོང་།) རྒྱ་ཡིག་དེབ་ (བླ་དང་རྨི་ལམ་འཁོར་སའི་ཕ་ཡུལ།) སོགས་བྲིས།

བོད་རང་བཙན་ཡིན་པ་ཁྲིམས་ཐོག་ཁུངས་སྐྱེལ་གྱི་དེབ་ (བོད་ཀྱི་གནས་བབས།) རྒྱ་བསྒྱུར། བསོད་ནམས་རྡོ་རྗེ་མཉམ་རྒྱ་ཡིག་གི་རྩོམ་དེབ་ (ལོ་ ༥༠ རིང་བཙན་བྱོལ་བོད་མིའི་ལོ་རྒྱུས།) (བོད་ཀྱི་སྲུང་མ་དང་ལྷ་འདྲེ།) (ལོ་ ༢༠ རིང་བོད་དང་ཐའེ་ཝན་མཉམ་སྐྱོད་) སོགས་དང་རྩོམ་ཡིག་བརྒྱ་ཕྲག་ཙམ་སྤེལ་ཡོད། ཕྱི་ལོ་ ༢༠༢༦ ལོར་སྐབས་ ༡༨ པའི་སྤྱི་འཐུས་སུ་བདམས་ཐོན་གྱིས་འགན་འཁུར་ཞུ་མུས་ཡིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།