མིང༌། ག་རྒྱ་རྒྱལ་མཚན་ཆོས་སྐྱིད།

གུས་ག་རྒྱ་རྒྱལ་མཚན་ཆོས་སྐྱིད་ནི་མདོ་ཁམས་ནག་ཆུ་ཨ་མདོ་རྫོང་དུ་སྐྱེས། བོད་ནང་དུ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ཚང་མ་མཐར་སོན། སྤྱི་ལོ་ ༢༠༠༩ ལོར་རྒྱ་གར་དུ་འབྱོར་ཏེ་ཤེས་རབ་དགའ་ཚལ་སློབ་གླིང་དུ་སློབ་སྦྱོང་བྱས། དེ་རྗེས་དགེ་ལྡན་ཆོས་གླིང་ནང་བསྟན་སློབ་གཉེར་ཁང་ནས་བོད་ཀྱི་ནང་དོན་རིག་པའི་གཞུང་ལུགས་གཙོས་བརྡ་སྤྲོད། དེ་བཞིན་སུམ་ཅུ་པ། སྙན་ངག་རྒྱལ་རབས་ལོ་རྒྱུས་དབྱིན་ཇི་གློག་ཀླད་སོགས་ལ་མི་ལོ་བཅོ་ལྔ་ཙམ་སྦྱངས། སྤྱི་ལོ་ ༢༠༢༢ ནས་ད་ལྟའི་བར་ནོར་གླིང་མཐོ་སློབ་ཏུ་དགེ་རྒན་གྱི་ལས་ཀ་བྱས།

ཤེས་ཡོན་དང་འབྲེལ་བའི་ཚོགས་འདུའི་སྐོར། བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་ ༡༢-༡༣-༡༤ བཅས་ལ་དཔྱད་རྩོམ་སྒྲོག་སྦྱང་བྱས། ༢༠༢༤ ལོར བོད་ཀྱི་དཔེ་མཛོད་ཁང་དུ་<<བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་བགྲོ་གླེང་>>ཐོག་དཔྱད་རྩོམ་སྒྲོག་སྦྱང་བྱས། ༢༠༢༥ ལོར། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དུ་<<བོད་ནང་འབྲོག་པ་གནས་སྤོའི་ལས་གཞི་>> དང་འབྲེལ་བའི་གཏམ་བཤད་སྤེལ། ༢༠༢༥ ལོར།  <<རྒྱལ་སྤྱིའི་ན་གཞོན་བརྟན་བཞུགས་>>སྐབས་སུ་བོད་ནང་གི་སྐུ་ཚབ་མིང་ཐོག་ནས་བོད་ནང་གི་ཛ་དྲག་གནས་སྟངས་ཐད་གཏམ་བཤད་སྤེལ། ༢༠༢༥ ལོར། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་ཞུས་པའི་ན་གཞོན་ཉམས་ཞིབ་ཚོགས་འདུ་ཐེངས་བཅུ་གཅིག་པའི་ཐོག་ <<“བོད་ ”དང་“ཐུ་བྷོད་” དེ་བཞིན་ “ཤིས་ཙང་” “ཏྲི་སྦེ་ཏྲ་”བཅས་ཀྱི་ཐ་སྙད་དང་འབྲེལ་བའི་བསམ་ཚུལ།>> ཞེས་པའི་བརྗོད་གཞི་ཐོག་དཔྱད་རྩོམ་སྒྲོག་སྦྱང་བྱས། ད་ལྟའི་ཆར་སྐབས་ ༡༨ པའི་སྤྱི་འཐུས་ཀྱི་འགན་འཁུར་ཞུ་མུས་ཡིན་པ་བཅས་ཀྱི་ངོ་སྤྲོད་སྙིང་བསྡུས་སུ།