མིང་། ལྷག་པ་ཚེ་རིང་། 

གུས་པ་ལྷག་པ་ཚེ་རིང་ནི་བོད་ཡུལ་གཙང་ཕག་རིར་སྐྱེས། ཕྱི་ལོ་ ༡༩༨༣ ལོར་རྒྱ་གར་འབྱོར།༧གོང་ས་མཆོག་དང་བཙན་བྱོལ་གཞུང་གི་བཀའ་དྲིན་འབའ་ཞིག་ལ་བརྟེན་ནས་མ་སུ་རི་བོད་ཁྱིམ་སློབ་གྲྭར་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་བཟང་པོ་ཐོབ། མ་སུ་རི་བོད་ཁྱིམ་ནས་གཞི་རིམ་འཛིན་གྲྭ་བཅུ་པ་ཐོན་རྗེས་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་ཁང་དུ་འཛུལ་ཞུགས་ཀྱིས་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ནང་དོན་རིག་པ་སོགས་ལ་ཐོས་བསམ་བྱས་ཏེ་སློབ་དཔོན་འཛིན་གྲྭ་ཐར་ཕྱིན། དེ་རྗེས་བོད་ཀྱི་བརྡ་སྤྲོད་ཐོག་ཉམས་ཞིབ་བྱས་འབུམ་རམས་པ་ཐར་ཕྱིན། ཕྱི་ལོ་༢༠༠༡ ནས་ཝཱ་ཎ་བོད་ཀྱི་མཐོ་སློབ་ཉིད་དུ་བོད་ཀྱི་སྐད་ཡིག་དང་རྩོམ་རིག་དགེ་རྒན་གྱི་ལས་ཁུར་ཞུ་འགོ་ཚུགས་པ་ནས་ད་ལྟ་ཡང་ཞུ་མུས་ཡིན།

ཀ༽ འདས་པའི་ལས་ཀའི་ཉམས་མྱོང་སྙིང་བསྡུས་ནི།

༡ ས་གནས་རང་བདེན་གྱི་ཚོགས་གཙོ་བགྲེས་གཞོན་ཐེངས་ལྔ་ཙམ་བྱས།
༢ འོས་བསྡུའི་དྲུང་ཡིག་བྱས།
༣ དགེ་ལུགས་ཀྱི་དངུལ་གཉེར།
༤ སློབ་ཕྲུག་བདེ་དོན་གྱི་རྒན་བདག
༥ དགེ་ལུགས་ཀྱི་ཚོགས་གཙོ།
༦ གཞི་རིམ་སློབ་གྲངས། ༢༠ ཙམ་ལ་ཤེས་རིག་ལྟ་སྐོར་ལ་ཕྱིན།
༧ སློབ་གྲྭ་དེ་དག་གྱི་སློབ་ཕྲུགདགེ་ལས།ཕ་མ་བཅས་ལ་གཏམ་བཤད་དང་བ་དྲིས་ལན་ཞུས།
༨ མཐོ་སློབ་ཁག་གི་མཁས་པའི་བགྲོ་གླེང་མང་པོར་ཞུགས་ཤིང་གཏམ་བཤད་སྤེལ་མྱོང་།
༩ དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལྷན་ཁང་གི་ཤེས་ཡོན་ལམ་སྟོན་དང་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་མི།
༡༠ དབུས་བོད་མིའི་སྒྲིག་འཛུགས་ཤེས་ལྷན་གྱི་ཆེས་མཐོའི་བརྡ་ཆད་གཏན་འབེབས་ལྷན་ཚོགས་ཀྱི་ཚོགས་མི།

ཁ༽དེང་གི་ཆར་གཙོ་བོ་ཤེས་རིག་དང་འབྲེལ་བའི་ལས་འགན་འཁྱེར་བཞིན་པ།

༡ ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་ཁང་གི་དཔེ་མཛོད་ཀྱི་འགན་འཛིན་ལས་ཚབ། (Incharge Librarian)
༢ ཝཱ་ཎ་མཐོ་སློབ་ཀྱི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་སྡེ་ཚན་གྱི་འགན་འཛིན་དང་། (Head of the
Department)
༣ ཝཱ་ཎ་མཐོ་སློབ་ལེགས་སྦྱར་སྐད་ཡིག་སྡེ་ཚན་གྱི་འགན་འཛིན།(Head of the Department)
༤ ཝཱ་ཎ་མཐོ་སློབ་ཀྱི་སྒྲའི་རིག་སྡེའི་འགན་འཛིན། (Dean of the Shabdvidya Faculty)
༥ ཝཱ་ཎ་སྐད་ཡིག་དང་རྩོམ་སྡེ་ཚན་ཉམས་ཞིབ་ཚོགས་པའི་ཚོགས་གཙོ།(Chairman of DRC)
༦ ཝཱ་ཎ་ཤེས་རིག་ལྷན་ཚོགས་ཀྱི་ཚོགས་མི།(Member of Academic council)