མིང་། བསྟན་འཛིན་དབྱངས་དཀར།
བསྟན་འཛིན་དབྱངས་དཀར་ནི་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་འཚར་ལོངས་བྱུང་། མོན་གྷོ་གཏན་ཉིན་སློབ་གྲྭར་འཛིན་རིམ་ ༡ ནས་ ༡༢ བར་སློབ་སྦྱོང་བྱས། ཤེས་རིག་ལྷན་ཁང་ནས་བུ་མོ་སློབ་མ་ཡག་ཤོས་ཀྱི་བྱ་དགའ་ཐོབ། སློབ་གྲྭའི་ནང་འཛིན་གྲ་དག་ཁང་མཚན་རྒན་བདག་བྱེས། ཀར་ན་ཊ་ཀ་གཙུག་ལག་སློབ་གཉེར་ཁང་ནས་ཚོང་ལས་ཐོག་གཙུག་ལག་རབ་འབྱམས་པ་སློབ་སྦྱོང་མཐོན། གློག་་ཀླད་བཀོལ་སྤྱོད་སློབ་སྦྱོང་མཐོན། བོད་མིའི་སྒྲིག་འཛུགས་ནང་ཞབས་ཞུས། ༡༩༩༥-༢༠༡༤ བར་མོན་གྷོ་འདོད་རྒུ་གླིང་ས་གནས་གོ་འཛིན་ལས་ཁང་ནང་ཐོག་མ་རང་ཁོང་དང་རིམ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དབུས་ངལ་སེལ་ཚོགས་པའི་ལས་བྱེད་ཁོངས་ལས་གནས་སྣ་མང་ཐོག་ཞབས་ཞུ་སྒྲུབ། གློག་ཀླད་སྡེ་ཚན་གྱི་ལས་བྱེད་པ་དང་། རོགས་སྐྱོར་དྲུང་ཆེ། འཆར་འགོད་དང་ན་གཞོན་རམ་འདེགས་ལས་གཞིའི་འགན་འཛིན། རྩིས་པ་བཅས་ཀྱི་འགན་འཁུར་ཞུས། སྐབས་རེ་ས་གནས་འགོ་འཛིན་ལས་ཚབ་ཐོག་འགན་འཁུར་ཐུབ་པས་གོ་སྐབས་ཐོབ། སྤྱི་དོན་ཞབས་ཞུས། གཞིས་གྲོང་ ༨ ནང་རང་སྦྱོང་དགེ་རྒན་དང་། དངུལ་གཉེར་དང་རྩིས་པ་བྱེས། ས་གནས་བུད་མེད་དང་གཞོན་ནུ་ལྷན་ཚོགས་ལ་ཞུ་གཏུགས། ཡིག་འབྲེལ་དང་། དགེ་རྒན་ཕ་མའི་འཐུས་མི་ཚོགས་ཆུང་ལ་ཡིག་འབྲེལ་ལས་རོགས་ཞུས། ས་གནས་ལྷ་མོ་ཚོགས་པ་དང་། བཙུན་དགོན་བྱང་ཆུབ་ཆོས་གླིང་ལ་རྩིས་ཁྲ་ཞིབ་བཤེར་ཞུས། ༢༠༠༨ ལོར་ས་བྱིའི་ཞི་རྒོལ་ཆེན་མོའི་ས་གནས་ཛ་དྲག་ཚོགས་ཆུང་གི་ཚོགས་མིའི་འགན་ཁུར་ཞུས། ཧིན་བོད་མཉམ་ལས་གླེང་སྟེགས་དང་། མཛའ་འབྲེལ་ཚོགས་པའི་འབྲེལ་འཐུད་ལས་རོགས་ཞུས། ཕྱི་ལོ་ ༢༠༢༣ ནས་ ༢༠༢༤ བར་གཞི་རིམ་མི་མང་རེ་འབོད་ཚོགས་པའི་ཚོགས་གཙོའི་འགན་ཁུར་སྐབས་བཙན་བྱོལ་ནང་ཆེད་ཐོག་མ་མི་མང་བརྒྱ་ཕྲག་མང་པོའི་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཆེ་མཐོའི་ཁྲིམས་ཞིབ་ཁང་སླར་གསོ་དགོས་པའི་ཞུ་གཏུགས་ཀྱི་ལས་འགུལ་ཐེངས་གཉིས་རྡ་རམ་ས་ལར་གོ་སྒྲིགས་ཞུས། མཐར་ ༢༠༢༤ ཟླ་ ༩ ཚོགས་བསྡུ་ཐོག་ཆེ་མཐོའི་ཁྲིམས་ཞིབ་ཁང་སླར་གསོ་ཐུབ་པ་བྱུང་། ཕྱི་ལོ་ ༢༠༢༥ ཧྥ་རན་སིའི་རྒྱལ་སྤྱིའི་དབུ་མའི་ལམ་དང་གཞི་རིམ་མི་མང་རེ་འབོད་ཚོགས་པའི་རྒྱུན་ལས་ཀྱི་འགན་ཁུར་ཞུ་མུས་ཡིན་པ་དང་། དེ་བཞིན་སྐབས་ ༡༨ པའི་སྤྱི་འཐུས་ཀྱི་འགན་འཁུར་ཞུ་མུས་ཡིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།