མིང་། སྒོ་དྲུག་སྐལ་བཟང་ཕུན་ཚོགས།
༄༅།། བོད་ལ་དུས་འགྱུར་བྱུང་བའི་རྗེས་བལ་ཡུལ་ཤར་ཁུམ་དུ་གནས་སྡོད་བྱས། ངའི་ཕ་མས་ངེས་བུ་ཕྲུག་ཚོ་གསོ་སྐྱོང་སོགས་ཀྱི་དཀའ་ངལ་ཤིན་ཏུ་ཆེ་བའི་སྐབས་དེར། ྋགོང་ས་མཆོག་ལ་ཕུལ་བ་ཡིན་གསུངས་ཏེ་རྒྱ་གར་རྡ་རམ་ས་ལར་ཕུལ་བཞག་པའི་བོད་ཕྲུག་ཉམ་ཐག་རང་ལོ་ ༣ ལོན་པ་དེ་སྒོ་དྲུག་སྐལ་བཟང་ཕུན་ཚོགས་ཡིན། ྋགོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གི་བཀྲིན་ལ་བརྟེན་ནས་པན་ཇབ་གཙུག་ལག་སློབ་གྲྭ་ཆེན་པོ་ནས་དཔལ་འབྱོར་རིག་པའི་སློབ་སྦྱོང་རིག་གཅིག་རྐང་འཛིན་ (M.A. Economics) དང་། ཧ་རི་ཡ་ན་གཙུག་ལག་སློབ་གྲྭ་ཆེན་མོ་ནས་ཆེ་མཐོའི་འཛིན་སྐྱོང་སློབ་སྦྱོང་ (Post Graduate Studies in Management) མཐར་སོན་བྱུང༌། ༢༠༠༡ ནས་ ༢༠༠༧ བར་ལོ་ངོ་དྲུག་རིང་ དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོའི་འགན་འཁུར་ཞུས། ད་བར་རང་ཉིད་དལ་སྡོད་སྐྱིད་འདོད་ཀྱི་སྣང་བ་སྤངས་ཏེ་གོ་སྐབས་ནམ་བྱུང་བོད་མི་རིགས་ཀྱི་རང་དབང་ལ་འབད་མུས་ཡིན། དེང་འཛམ་གླིང་གང་སར་རང་དབང་འཐབ་རྩོད་ཀྱི་སྒྲོན་མེ་ཁྱབ་བཞིན་པ་དང་། རྒྱལ་ཁབ་མང་པོས་རྒྱ་ནག་དམར་པོའི་གཞུང་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་བཏང་དང་གཏོང་བཞིན་པའི་སྐབས་དང་གཅིག།བོད་རྒྱལ་ཁབ་དང་མི་རིགས་ཆགས་འཇིགས་ཀྱི་གནས་སྟངས་དང་། བཙན་བྱོལ་བོད་མིའི་གནས་སྟངས་ཛ་དྲག་གི་གནས་སུ་ཡོད་པ་བཅས་ལ་བསམ་གཞིགས་ནན་བྱས་འབྲས་ཀྱིས། ཤིན་ཏུ་གལ་ཆེ་དོན་ཆེར་ད་ལམ་སྒོ་དྲུག་སྐལ་བཟང་ཕུན་ཚོགས་རང་ཉིད་ ༢༠༢༦ ལོར་སྐབས་ ༡༨ པའི་བྱང་ཨ་རིའི་སྤྱི་འཐུས་སུ་བདམས་ཐོན་གྱིས་འགན་འཁུར་ཞུ་མུས་ཡིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།