མིང་། སྐལ་བཟང་ཚེ་རིང་།
ཕྱི་ལོ་ ༡༩༨༥ ལོར་བོད་ནས་བཙན་བྱོལ་དུ་ཡོང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀྲིན་ལས་མ་སུ་རི་བོད་ཁྱིམ་དང་། ལྡི་ལི་གཙུག་ལག་སློབ་གཉེར་ཁང་གཉིས་ནས་གནའ་དེང་ཤེས་ཡོན་གྱི་གོ་སྐབས་ཐོབ། སློབ་གྲྭའི་སྤྱི་ཁྱབ་རྒན་བདག་དང་། ལྡི་ལི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བྱས།
ཕྱི་ལོ་ ༢༠༠༣ ནས་གཞུང་ཞབས་ཁོང་འཛུལ་ཞུགས་ཀྱིས་ཐོག་མར་ལྡི་ལི་སྐུ་ཚབ་དོན་གཅོད་ཁང་དང་། ༢༠༠༥ ནས་བཀའ་དྲུང་ཡིག་ཚང་དུ་བཀའ་ཁྲི་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་ཐད་ཀའི་བཏང་འཛིན་འོག་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་དྲུང་དང་། ཕྱི་ལོ་ ༢༠༠༢ ལོར་བསྐྱར་གསོ་བྱུང་བའི་བོད་རྒྱའི་དབར་གཞུང་འབྲེལ་གྲོས་མོལ་སྐབས་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྣམ་གཉིས་ཀྱིས་དབུ་འཁྲིད་པའི་སྐུ་ཚབ་ཚོགས་ཆུང་གི་ཁོངས་སུ་རྒྱ་ནག་ལ་དངོས་སུ་བསྐྱོད་རྒྱུའི་གོ་སྐབས་བྱུང་བ་བཅས་ལོ་ངོ་ ༡༧ ཙམ་གཞུང་ཞབས་བྱས།
ཕྱི་ལོ་ ༢༠༢༠ ལོར་བོད་ཀྱི་ཆབ་སྲིད་བཙོན་ཟུར་འབྲེལ་ཡོད་འབྲེལ་ཆགས་གཞིས་སྤོས་ལས་གཞིའི་འོག་ཨོ་སི་ཀྲོ་ལི་ཡར་གཞིས་སྤོས་བྱས་པ་དང་། རིང་པོ་མ་སོང་བར་ས་གནས་བོད་རིགས་མཐུན་ཚོགས་དང་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བྱས། དེ་བཞིན་སྐུ་ཚབ་དོན་ཁང་གི་བོད་ཀྱི་རིག་གཞུང་བསྟི་གནས་ཁང་གི་འགན་ལྷན་ཚོགས་མི། ཨོ་གླིང་བོད་དོན་ལྷན་ཁང་ (Australia Tibet Council) གི་འགན་ལྷན་ཚོགས་མི་བཅས་སོ་སོའི་ལས་འཁུར་ཞུས། བོད་དོན་ཞུ་གཏུགས་ནང་མཉམ་ཞུགས་ཀྱིས་གྲོས་ཚོགས་འཐུས་མི་མང་པོ་དང། ལྷག་པར་ཕྱི་སྲིད་བློན་ཆེན་མཆོག་ལའང་མཇལ་འཕྲད་ཞུས་ཡོད། ད་ཆ་གཟའ་མཇུག་བོད་ཡིག་སློབ་གྲྭའི་དང་བླང་དགེ་རྒན་ཞུ་མུས་ཡིན། ༢༠༢༢ ལོ་ནས་ཁེན་བྷེ་ར་མངའ་གཞུང་གི་གཞུང་ཞབས་པ་ཞིག་ཡིན་པ་དང་། ཕྱི་ལོ་ ༢༠༢༦ ལོར་སྐབས་ ༡༨ པའི་ཨོ་སི་ཀྲེ་ལེ་ཨེ་ཤེ་ཡའི་སྤྱི་འཐུས་སུ་བདམས་ཐོན་གྱིས་འགན་འཁུར་ཞུ་མུས་ཡིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།