མིང་། ཆོས་གྲགས་རྒྱ་མཚོ། 

༄༅། །༡༩༨༩ ལོའི་ཟླ་ ༠༢ པའི་ཚེས་ ༠༡ ཉིན་མཚོ་སྔོན་གཅན་ཚ་རུ་སྐྱེས་ཏེ་བོད་ནང་སློབ་གྲྭར་ཕྱིན། ༢༠༠༥ ལོར་བཙན་བྱོལ་དུ་འབྱོར་ནས་སུ་ཇཱ་སློབ་གྲྭར་ཞུགས། སློབ་གྲྭའི་དུས་སྐབས་ནས་སློབ་སྦྱོང་ཡག་ཤོས་གྲས་དང་། བོད་ཨིན་གཉིས་ཀྱི་བགྲོ་གླེང་དང་སྙན་རྩོམ་འགྲན་བསྡུར་ཁྲོད་བྱ་དགའ་འང་ཐེངས་མང་བླངས། ༢༠༡༡ ལོར་ཤིང་བཟའ་རིན་པོ་ཆེས་བཀོད་སྒྲིག་འོག་བཙན་བྱོལ་ནང་སྙན་ངག་གྱེར་འདོན་ཀྱི་འགྲན་ཞུགས་པ་ ༢༧༠ ཁྲོད་རྩེར་སོན་ཨང་རིམ་བཅུའི་ནང་བདམས། ༢༠༡༢ ལོར་བོད་ཁྱིམ་གོ་པལ་པུར་སློབ་ཞུགས་ཀྱིས་སློབ་གྲྭའི་ནང་ ༢༠༡༤ ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་རྒྱུགས་འབྲས་ཨང་དང་པོ་བླངས། ༢༠༡༤ ལོར་རྒྱལ་ས་ལྡི་ལིར་ལོ་དེའི་ཆབ་སྲིད་རིག་པའི་མཐོ་སློབ་རྩེ་ཕུད་ཨང་གསུམ་པ་ (Delhi University- Ramjas) ནང་ཆབ་སྲིད་རིག་པ་ (BA. Political Science) སློབ་མཐར་སོན་ཞིང་། དེ་བཞིན་ (Indira Gandhi National Open University- IGNOU) ནང་སླར་ཡང་ཆབ་སྲིད་རིག་པ་ (MA. Political Science) སློབ་སྦྱོང་བྱས། ༢༠༡༨-༢༠༢༡ བར་རྒྱལ་སྤྱིའི་དབུ་མའི་ལམ་གྱི་ཚོགས་གཞོན་དང་། ༢༠༡༩-༢༠༢༡ བར་སྐབས་ ༡༠ པའི་རྡ་ས་ས་གནས་འཐུས་ཚོགས་སུ་འདེམས་ཐོན་བྱུང་། ༢༠༢༡ ལོར་སྐབས་ ༡༧ པའི་སྤྱི་འཐུས་སུ་བདམས་ཐོན་གྱིས་འགན་འཁུར་འཐུས་ཚང་ཞུས་པ་དང་། ད་ལྟ་སྐབས་ ༡༨ པའི་སྤྱི་འཐུས་ཀྱི་འགན་འཁུར་ཞུ་མུས་ཡིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།