མིང༌། ཀརྨ་དགེ་ལེགས།
༡༽ ༢༠༢༣ བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཐེངས་ ༣༧ ཚོགས་ཆུང་གི་ཚོགས་མིར་བསྐོ་གཞག།།
༢༽ ༢༠༢༥ བོད་ལྗོངས་མདོ་སྨད་ཆོལ་ཁའི་༧སྐུའི་གོ་སྟོན་གོ་སྒྲིག་ཚོགས་ཆུང་གི་རྩིས་པའི་ལས་འགན་ཞུས།
༣༽ མི་ལོ་ ༡༢ དྭང་སློབ་དམག་སྒར་ནང་ཞབས་ཕྱི་ཞུས་རིང། ༡༩༩༥།༡༩༩༦ ལོ་གཉིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོའི་སྐུ་སྲུང་བྱས།
༤༽ སྦན་རྡ་ར་ས་གནས་གྲོས་ཚོགས་འཐུས་མི་ལོ་ ༡༨ དང་ཚོགས་གཙོའི་ལས་འགན་ལོ་ ༡༢ བསྟུད་མར་བྱས།
༥) མདོ་སྨད་དབུས་རྒྱུན་སྐབས་གསུམ་ ༢༠༠༩།༢༠༡༢།༢༠༡༥ བསྟུད་མར་འོས་འདེམས་བྱུང།
༦།༽ རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་སུད་ཚོང་ཚོགས་པའི་ཚོགས་གཙོའི་ལས་འགན་ལོ་ ༣ བྱས།
འདས་པའི་ལོ་ ༤༠ རིང་སྤྱི་དོན་གཞན་ཕན་ལྷག་བསམ་ཕྱུག་མེད་ཀྱི་རང་ནུས་གང་འཇོན་ཞུ་ཁུལ་དང་དམིགས་བསལ་སྤྱི་འཐུས་སྐབས་གཉིས་རིང་ཚོགས་ཆུང་འདྲ་མིན་གྲངས་ ༡༡ ནང་ཚོགས་མིའི་ལས་འགན་ཞུ་རྒྱུའི་གོ་སྐབས་བྱུང་བར་བརྟེན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་སྒྲིག་གཞི། འཛིན་སྐྱོང་གི་ལས་དོན། བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་བཅས་རྒྱུན་ལན་གང་ཙམ་བྱུང་ཡོད། ༢༠༢༦ སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུའི་སྐབས་རྒྱ་ཆེ་མདོ་སྨད་མི་མང་ཡོངས་ནས་ཚད་མཐོའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་སླར་ཡང་དངོས་གཞིའི་འོས་བསྡུའི་སྐབས་རང་ཉིད་ཀྱི་རིན་ཐང་ཆེ་བའི་མང་གཙོའི་འོས་ཤོག་གུས་པར་གནང་བའི་ཡིད་ཆེས་དང་རེ་བ་ཞུ་བཞིན་ཡོད། མ་འོངས་བོད་ཀྱི་རྩ་དོན་སྒྲུབ་ཐབས་ཀྱི་མཚོན་བོད་མི་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གང་ཅིའི་ཐོག་སྔར་བཞིན་འབད་བརྩོན་ཞུ་རྒྱུར་ཆོད་སེམས་དང་ལངས་ཕྱོགས་བརྟན་པོ་ཡོད། ད་ལྟ་སྐབས་ ༡༨ སྤྱི་འཐུས་ཀྱི་ལས་ཁུར་ཞུ་བཞིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།།