མིང༌། དཀོན་མཆོག་རིན་ཆེན།
གུས་དཀོན་མཆོག་རིན་ཆེན་ནི་ ༡༩༨༨ སུམ་པ་ནགས་ཤོད་འབྲི་རུར་སྐྱེས། ཕྱི་ལོ་ ༢༠༠༦ ལོར་བོད་ནས་རྒྱ་གར་དུ་འབྱོར། ༢༠༡༣ ལོར་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་བཅུ་པ་མཐར་ཕྱིན། ༢༠༡༥ ལོར་སུ་ཇཱ་བོད་སློབ་འབྱུང་རིག་སྡེ་ཚན་ནས་འཛིན་རིམ་བཅུ་གཉིས་མཐར་ཕྱིན། ༢༠༡༥ ལོར་ཀར་ན་ཀྲ་ཀའི་ཁྲིམས་ལུགས་སློབ་ཆེན་ལ་ཞུགས་ ༢༠༢༡ ལོར་ཁྲིམས་ལུགས་རབ་འབྱམས་ (BA LLB) མཐར་ཕྱིན། ༢༠༡༨ ལོར་བཙན་བྱོལ་བོད་མིའི་ཁྲིམས་རྩོད་པའི་ལག་འཁྱེར་ཐོབ། སུ་ཇཱ་བོད་སློབ་ཏུ་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་གྱི་ཚོགས་གཙོ་བྱས། སུ་ཇཱ་བོད་སློབ་ཏུ་འཛིན་རིམ་བཅུ་པའི་བོད་ནང་གི་གདུང་སེམས་ཉམས་བསྐྱེད་ལས་འགུལ་གྱི་འགན་ཁུར་ཞུས། ༢༠༡༢ ལོར་སུ་ཇཱ་བོད་སློབ་ནས་རྡ་ས་བར་སློབ་ཕྲུག་བརྒྱ་ལྷག་གི་ཞི་བའི་གོམ་བགྲོད་ཀྱི་ཚོགས་གཙོའི་འགན་ཁུར་ཞུས། སྦེང་ལོར་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བྱས་སྐབས་སྦེང་ལོར་ས་གཞོན་དེ་དབུས་གཞོན་ནུ་ལྷན་ཚོགས་སུ་ཟླ་སྒྲིལ་བྱས།
སྦེང་ལོར་བོད་ཀྱི་ཁྲིམས་ལུགས་རིག་པའི་ཚོགས་གཙོ་བྱས། སྦེང་ལོར་རྒྱལ་སྤྱིའི་ཁྲིམས་ཀྱི་སློབ་ཕྲུག་ཚོགས་པའི་རྒྱུན་ལས་བྱས། རྒྱལ་ཡོངས་བོད་རིགས་གཞོན་སྐྱེས་མཛའ་འབྲེལ་རིག་རྩལ་འདུ་འཛོམས་ཆེན་མོའི་སྤྱི་ཁྱབ་འབྲེལ་མཐུད་པ་བྱས། སྐབས་བཅུ་བཞི་པའི་བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་སྤྱི་ཁྱབ་འབྲེལ་མཐུད་པ་བྱས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་<<འབྲི་རུ་ལ་འགྲོ་བ་མིའི་རིགས་ལ་གནོད་འཚེ་ཕོག་པའི་ཁྲིམས་འགལ་བྱ་སྤྱོད་>>ཅེས་པའི་དཔེ་དེབ་དེ་ཉིད་ཀྱི་ཆེད་དུ་ལོ་བཞིའི་རིང་གཙོ་བོ་འགན་ཁུར་ཉམས་ཞིབ་བྱས། ད་ལྟ་སྐབས་ ༡༨ པའི་སྤྱི་འཐུས་ཀྱི་འགན་འཁུར་ཞུ་མུས་ཡིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།