མིང༌། གྲྭའུ་ངག་དབང་བློ་གྲོས། 

གུས་པ་ཀུམ་རའོ་སྒ་པ་གཞིས་སྒར་དུ་ཕྱི་ལོ་ ༡༩༨༥ ལོར་ཕ་ཏྲེ་ཧོར་ཞི་བ་ཚང་ཨོ་རྒྱན་རྣམ་རྒྱལ་དང་མ་སྒ་པ་གྲྭའུ་ཚེ་བརྟན་གཉིས་ཀྱི་བུར་བཙས་ཤིང༌། གཞིས་ཆགས་སློབ་གྲྭ་རིམ་བརྒྱུད་ཀྱིས་མཐར་ཝར་ཎཱ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནས་ཕྱི་ལོ་ ༢༠༡༢ ལོར་ཨ་ཅརྱ་བསླབ་པ་ཐར་སོན། མཐོ་སློབ་ཏུ་སློབ་ཕྲུག་བདེ་དོན་ཚོགས་པའི་ཚོགས་མིར་འོས་འདེམས་ཀྱིས་ལས་འགན་དང་ལེན་ཞུས། རང་གཞིས་སུ་མི་དམངས་འོས་འདེམས་ཀྱིས་ས་གནས་ཆུ་སྒང་སྐབས་ ༧།༨།༩ པའི་ཚོགས་གཙོ་དང༌། དེ་བཞིན་ས་གནས་འཐུས་ཚོགས་ཀྱི་སྐབས་ ༥།༦།༧ པའི་ཚོགས་གཙོའི་འགན་འཁུར་བླངས།

དེ་བཞིན་མདོ་སྟོད་མི་དམངས་ཀྱིས་ཚད་མཐོའི་རྒྱབ་སྐྱོར་ཐོག་དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་སྐབས་ ༢༡ པའི་དབུས་རྒྱུན་ལས་དང༌སྐབས་ ༢༢ པའི་ཚོགས་གཞོན་གྱི་འགན་འཁུར་བླངས།

ཕྱི་ལོ་ ༢༠༡༧ ལོར་དབྱངས་ཅན་ཤེས་ཡོན་དང་རིག་གཞུང་བདེ་དོན་ཚོགས་པ་དེབ་སྐྱེལ་དང་དེ་བཞིན་བོད་ཀྱི་ཧི་མ་ལ་ཡའི་གཞི་རིམ་སློབ་གྲྭ་གསར་འཛུགས་ཀྱིས་རྒྱ་གར་ཁྲིམས་མཐུན་དེབ་སྐྱེལ་བྱས། སློབ་གྲྭའི་ངེས་སྟོན་པའི་ལས་འཁུར་འོག་བོད་དང་ཧི་མ་ལ་ཡའི་རི་རྒྱུད་ཕྲུ་གུ་རྣམས་ལ་རིན་མེད་ཀྱི་སློབ་སྦྱོང་སྤྲོད་བཞིན་མཆིས། ད་ལྟའི་འཆར་གྲྭའུ་དཔོན་རིན་ཆེན་ཚེ་རིང་དམ་པའི་སྐུ་ཚེའི་ལོ་རྒྱུས་ཕྱོགས་སྒྲིག་བྱེད་བཞིན་པར ལོ་མང་རིང་ཁོང་གི་ལམ་སྟོན་འོག་ཆོས་དང་ཆབ་སྲིད་གང་ཐད་ནས་ཉམས་མྱོང་རྒྱ་ཆེ་གསོག་རྒྱུའི་གོ་སྐབས་ཡག་ཤོས་དེ་བྱུང༌། ཁོང་གི་སློབ་སྟོན་གཞིར་བཟུང་ཕ་རྒྱུད་བུ་འཛིན་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བཞེད་བསྒྲུབ་ཐུབ་པ་དང༌། བོད་ཀྱི་རྩ་དོན་ཆེད་ཞབས་ཞུ་རང་ནུས་གང་ལྕོགས་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་དང་། ཕྱི་ལོ་ ༢༠༢༦ ལོར་སྐབས་ ༡༨ པའི་སྤྱི་འཐུས་སུ་བདམས་ཐོན་གྱིས་འགན་འཁུར་ཞུ་མུས་ཡིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།