མིང་། མགོན་པོ་དོན་གྲུབ། 

ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་སྐྱེས་ཤིང། བོད་ཕྲུག་ཁྱིམ་སྡེ་ཨག་གླིང་ཡན་སློབ། ལ་དྭགས་བོད་ཁྱིམ། གོ་པལ་པུར་བོད་ཁྱིམ་བཅས་ནས་གཞི་རིམ་གོང་འོག་སློབ་མཐར་སོན། ལྡི་ལི་གཙུག་ལག་སློབ་གཉེར་ཁང་གི་ཀི་རོ་རི་མཱལ་མཐོ་སློབ་ནས་ཆབ་སྲིད་རིག་པའི་གཙུག་ལག་རབ་འབྱམས་པ་ཐོན་པ་དང་། ཨོ་པི་ཇིན་དཱལ་རྒྱལ་སྤྱིའི་གཙུག་ལག་སློབ་གཉེར་ཁང་ནས་འཛིན་སྐྱོང་དང་དམངས་སྲིད་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་སློབ་སྦྱོང་མཐར་ཕྱིན། སློབ་མའི་དུས་སྐབས་སུ་སློབ་གྲྭ་ཁག་གསུམ་དུ་སློབ་གྲྭའི་འགན་བདག་བྱས་པ་དང་། མཐོ་རིམ་སློབ་གྲྭའི་སྐབས་རོ་ཧི་ནི་ས་གནས་གཞོན་ནུའི་དྲུང་ཆེ། ལྡི་ལི་བོད་ཁྱིམ་སྡོད་ཁང་དུ་སློབ་ཕྲུག་ཚོགས་ཆུང་གི་ཚོགས་གཙོ། ཀི་རོ་རི་མཱལ་མཐོ་སློབ་ཀྱི་ཕྱི་རྒྱལ་སློབ་ཕྲུག་ཚོགས་ཆུང་གི་རིག་གཞུང་འགན་འཛིན་དང་ཚོགས་གཙོ་བཅས་འགན་ཁུར་ཞུས། ཕྱི་ལོ་ ༢༠༡༩ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༧ པའི་ཐོག་ཚོགས་གཙོར་འདེམས་ཐོན་བྱུང་། གཞོན་ལྷན་གྱི་ལོ་རྒྱུས་ཐོག་ཚོགས་གཙོ་ལོ་ན་ཆུང་ཤོས་ཆགས། ཕྱི་ལོ་ ༢༠༢༢ ལོར་བསྐྱར་འདེམས་ཐོབ་ཅིང་སྐབས་གཉིས་དང་དུས་ཡུན་ལོ་ངོ་དྲུག་རིང་གཞོན་ལྷན་གྱི་ཚོགས་གཙོའི་ལས་འཁུར་ཞུས།

ལས་འགུལ་དང་དྲིལ་བསྒྲགས། བོད་མིའི་རང་དབང་འཐབ་རྩོད་བཅས་ཀྱི་ནང་ལྷག་བསམ་བརྟན་པོའི་ཐོག་ལས་འགུལ་སྤེལ་བ་དང་། རྒྱལ་སྤྱིའི་ཚོགས་སྡེ་དང་གཞུང་ཁག་ལ་བོད་དོན་དྲིལ་བསྒྲགས་རྒྱ་གང་ཆེ་བྱས་པ་མ་ཟད། གཞོན་སྐྱེས་ནུས་ལྡན་གྱི་ཟབ་ཁྲིད་པ་ཐེངས་མང་ཞུས་པ་བཅས་ཀྱི་ཉམས་མྱོང་ཡོད། རང་ཉིད་ཀྱི་མི་ཚེའི་དམ་བཅའ་བཞིན་བོད་མིའི་རང་དབང་འཐབ་རྩོད་ལ་ཞུགས་ཏེ། ད་ལྟ་མུ་མཐུད་བོད་དོན་དྲིལ་བསྒྲགས་ཀྱི་ཆེད་སྐབས་ ༡༨ པའི་དབུས་གཙང་སྤྱི་འཐུས་ཀྱི་ལས་འཁུར་ཞུ་བཞིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།