མིང༌། ཀོང་རྩ་ལྷ་མོ་ཚེ་རིང་།
ཉམས་མྱོང་། མི་ ༢༨ ལྷག་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ཞབས་འདེགས་བསྒྲུབས།
སློབ་སྦྱོང་། རྡ་སྟེང་བོད་ཁྱིམ་དང་། ཨ་རི་གཙུག་ལག་སློབ་ཆེན། (University of Vermont)
ལས་ཡུལ།
ལས་བྱེད་བདག་གཉེར་ཁང་དུ་དྲུང་ཡིག་དང་། དངུལ་གཉེར།
རྡོར་གླིང་ས་གནས་འགོ་འཛིན་ལས་ཁུངས་སུ་རྩིས་དྲུང་།
བདེ་སྲུང་ལས་ཁུངས་སུ་འཛིན་སྐྱོང་ལས་དོན་ཁག
ནང་སྲིད་ལས་ཁུངས་སུ་ (Catholic Relief Service) ཟས་སྐྱོབས་རོགས་སྐྱོར་སྡེ་ཚན་དུ་ཟས་རིགས་འགྲེམས་སྤེལ་དང་འབྲེལ་བའི་རྩིས་ཁྲ་ཉར་འཇོག་དང་རྒྱ་གར་གཞུང་གི་རྩིས་ཞིབ་པར་ལན་འདེབས།
བཀའ་དྲུང་ཡིག་ཚང་དུ་མི་ལོ་ ༢༠ མིན་ཙམ་བཀའ་ཤག་སྐབས་གསུམ་གྱི་ཐད་ཀར་སྟངས་འཛིན་འོག་ཞབས་འདེགས་ཞུས། དེ་ཡང་བཀའ་ཤག་ལྷན་རྒྱས་སུ་བཅར་ཏེ་གྲོས་གཞི་གྲོས་ཆོད་ཁག་ཚིག་ཐོ་བརྒྱབ་རྒྱུ་དང་། དབུས་ས་གཉིས་སུ་ཡིག་འབྲེལ། འཛིན་སྐྱོང་ལས་དོན། བཀའ་དྲུང་སྒེར་དྲུང་། ལས་བྱེད་གནས་སྤོས་བཀོད་སྒྲིག་སྡེ་ཚན་ལས་དོན་ཆེ་ཕྲ་ཆུང་གསུམ་ཐ་དག ཡིག་ཆ་ཉར་ཚགས། གཏན་འཇགས་ཐབས་བྱུས་འཆར་འགོད་ཚོགས་ཆུང་གི་ལས་བྱེད།
ལོ་གཅིག་རིང་སྦེང་ལོར་ལྷོ་ལས་ཁུངས་སུ་དྲུང་ཡིག་དང་། དངུལ་གཉེར། འཛིན་སྐྱོང་ལས་དོན་ཁག
ཏི་ཛུ་དར་རྒྱས་གླིང་ས་གནས་འགོ་འཛིན་ལས་ཁུངས་སུ་བདུན་གཉིས་རིང་ས་གནས་འགོ་འཛིན་གྱི་ལས་འགན་བསྒྲུབས།
དུས་ཐུང་ལག་འཁྱེར་སློབ་སྦྱོང་།
སྲི་ཞུའི་ཞབས་འདེགས་བསྒྲུབས་པའི་སྐབས་གཞུང་འབྲེལ་ཐོག་དང་སྒེར་ངོས་ནས་དུས་ཐུང་ལག་འཁྱེར་སློབ་སྦྱོང་གནང་བ་ཁག་ཅིག
རྒྱ་གར་གཞུང་གི་ཟབ་སྦྱོང་བསྟི་གནས་ཁང་ (IIPA) དུ་འཛིན་སྐྱོང་དང་འབྲེལ་བའི་བཀོད་བྱུས་དང་སྟངས་འཛིན་ཐོག
རྒྱ་གར་མཐོ་སློབ་ (OP Jindal Global University) དུ་འགོ་འཁྲིད་དང་། རྒྱལ་སྤྱིའི་འབྲེལ་ལམ། དབྱིན་སྐད་ཟབ་སྦྱོང་།
རྡོར་གླིང་དུ་ Aptech བསྟི་གནས་ཁང་དུ་ལས་ཁུངས་གྲོལ་རྗེས་ཀམ་པུའུ་ཀྲར་ལག་འཁྱེར་སློབ་སྦྱོང་བྱས། ད་ལྟ་སྐབས་ ༡༨ པའི་སྤྱི་འཐུས་ཀྱི་ལས་ཁུར་ཞུ་བཞིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།