མིང༌། དངོས་གྲུབ་རྡོ་རྗེ།

ཕྱི་ལོ་ ༡༩༨༢  ལོར་གཞུང་ཞབས་སུ་འཚུད་རྗེས་ལ་དྭགས་བསོད་ནམས་གླིང་བཟོ་གྲའི་འགོ་འཛིན་དང་། དེ་ནས་མཉམ་འབྲེལ་དྲུང་ཆེ། ར་སྤུར་བེུད་མཉམ་ལས་བཟོ་འགོ སྒང་ཏོག་བདེ་དོན། མོན་གྷོ་ས་གནས་འགོ་འཛིན། སྦེང་ལོར་ལྷོ་ཕྱོགས་གཞིས་སྤྱི། ནང་སྲིད་དྲུང་འཕར་དང་དྲུང་ཆེ། དེ་རྗེས་སྦེལ་ལྗམ་དང་སུད་སི་སྐུ་ཚབ་དོན་གཅོད་བཅས་སུ་ཐེམ་པ་རིམ་འཛེགས་ཀྱི་ལོ་ ༤༠ ཙམ་ཞབས་ཞུས་རིང་འཛིན་སྐྱོང་སྤེལ་གསུམ་གང་ཅིར་གོང་རིམ་ནས་བསྔགས་བརྗོད་དང༌། དམིགས་བསལ་གནས་སྤར། ལས་བྱེད་རྩེ་ཕུད་གཟེངས་རྟགས་སོགས་བསྩལ་ཐོབ་བྱུང་ཡོད།

ཕྱི་ལོ་ ༢༠༡༩  ལོར་བོད་མིའི་སྒྲིག་འཛུགས་ནས་ལུགས་མཐུན་བགྲེས་ཡོལ་ཐོན་རྗེས་སུ་དབུས་གཙང་རྒྱ་ཆེ་མང་ཚོགས་ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པར་ཚད་མཐོའི་རྒྱབ་སྐྱོར་གནང་བ་ལ་བརྟེན་ནས་བོད་མི་མང་སྤྱི་འཐུས་ཀྱི་ལས་འགན་ཞུས་པ་དང་། ད་ལྟ་སྐབས་ ༡ པའི་སྤྱི་འཐུས་ཀྱི་ལས་ཁུར་ཞུ་བཞིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།