མིང་། བློ་བཟང་རྒྱ་མཚོ་སྲི་ཐར།

གུས་པ་བློ་བཟང་རྒྱ་མཚོ་སྲི་ཐར་ ༡༩༨༢ ལོར་བཞུགས་སྒར་དྷ་རམ་ས་ལར་སྐྱེས། དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་ནས་སློབ་གྲྭ་མཐར་ཕྱིན་ཏེ་རྒྱ་གར་ལྷོ་ཕྱོགས་ཅེ་ནཡེ་ལོ་ཡ་ལ་མཐོ་སློབ་ནས་ (B.Sc. Computer Science) གློག་ཀླད་ཚན་རིག་གི་གཙུག་ལག་རབ་འབྱམས་པ་ལེགས་ཐོན་གྱིས་གསེར་གྱི་རྟགས་མ་ཐོབ། གུས་པས་མུ་མཐུད་དེ་དབྱིན་ཡུལ་རྒྱལ་ས་ལོན་ཌོན་མཐོ་སློབ་ནས་མཉེན་ཆས་བཟོ་སྐྲུན་རིག་པའི་ (Software Engineering) སློབ་སྦྱོང་བྱས།

༢༠༡༡ ནས་ད་བར་གུས་པ་བོད་དོན་ལས་འགུལ་བསྟི་གནས་ཁང་གི་འཕྲུལ་ལས་རིག་པའི་འགན་འཛིན་བྱེད་བཞིན་ཡོད། འདས་པའི་ལོ་ ༡༥ ལྷག་རིང་དྲ་རྒྱའི་བདེ་སྲུང་དང་འབྲེལ་བའི་བོད་དང་རྒྱལ་སྤྱིའི་གསར་ཁང་གི་འདྲི་རྩད་ཁག་ལ་ལན་འདེབས་བྱས་དང་བྱེད་མུས་ཐོག་རྒྱལ་སྤྱིའི་དྲ་རྒྱའི་རང་དབང་ཚོགས་པ་མང་པོ་དང་ལྷན་དུ་ཕྱག་ལས་ཞུ་མུས་ཡིན་པ་མ་ཟད་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་ Wired UK  ཞེས་པའི་དུས་དེབ་ཁང་གིས་མ་འོངས་པའི་འཛམ་གླིང་དེ་བཟང་ཕྱོགས་སུ་འཁྲིད་ཐབས་ཐད་ཕྱག་ལས་གནང་མཁན་གསར་གཏོད་པ་ ༣༢ གི་ཁོངས་སུ་མིང་འདོན་ཆེ་བསྟོད་བྱུང་ཡོད་པ་མ་ཟད་ཨ་རིའི་ཁེ་ལི་ཧྥོར་ནི་ཡའི་བྷར་ཀེ་ལེ་མཐོ་སློབ་ (Berkeley) ནང་ཡོད་པའི་དྲ་རྒྱའི་བདེ་འཇགས་ (Citizen Clinic) ཀྱི་སློབ་སྟོན་པ་ལོ་གཉིས་རིང་ ༢༠༡༨-༢༠ བར་བསྐོ་བཞག་བྱུང་།

གཞན་ཡང་གུས་པས་ “བཙན་བྱོལ།” ཞེས་པའི་བཙན་བྱོལ་བོད་མིའི་བཟོ་གཞིས་སློབ་གསུམ་འཛུགས་སྐྲུན་གྱི་པར་རིས་དཔེ་དེབ་ཅིག་འགྲེམས་སྤེལ་བྱས་ཡོད། ༢༠༢༡ ནས་ ༢༠༢༦ བར་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་ཁུར་ཞུས་པ་དང་། ད་ལྟ་སྐབས་ ༡༨ པའི་སྤྱི་འཐུས་ཀྱི་ལས་འཁུར་ཞུ་བཞིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།