མིང༌། ཟླ་བ་ཚེ་རིང་།

༡༩༦༣ ནས་ ༡༩༧༧ བར་ཌལ་ཧོར་དང་སིམ་ལ་གཏན་སློབ་ནང་བཅུ་དཔོན་དང་སྤྱི་བའི་རྒན་བདག་དང་། ༡༩༧༧ ཟླ་བ་ ༩ ནས་ ༡༩༨༣ པར་དབུས་གཞོན་ནུའི་ཡིག་ཚང་གི་གད་ཆགས་དང་ཡིག་སྐྱེལ། ༡༩༧༩ ནས་ ༡༩༨༦ བར་མེག་གྷན་གཞོན་ནུའི་རུ་དཔོན་དང་རྡ་ས་གཞོན་ནུའི་ས་གནས་རྒྱུན་ལས། ༡༩༨༤ ལོར་ཡོངས་གླིང་སློབ་གྲྭ་དབུ་བཙུགས། ༡༩༨༦ ནས་ ༡༩༩༢ བར་བོད་གཞུང་དབུས་སྨན་རྩིས་ཁང་རྡ་སྟེང་ཡན་ལག་སྨན་ཁང་གི་དངུལ་གཉེར་དང་རྩིས་པ། ༡༩༩༢ ནས་ ༢༠༠༡ བར་རྡ་ས་ས་གནས་འགོ་འཛིན། ༡༩༩༤ ནས་ ༡༩༩༨ བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་སྒྲིག་འདོམ་དྲུང་ཆེ། ༡༩༩༦ ལོར་སྤྱི་འཐུས་དང་རྡ་ས་ས་གནས་འགོ་འཛིན་གཉིས་སུ་འོས་འདེམས་བྱུང་ཡང་སྤྱི་འཐུས་ལས་འཁུར་བཞག་ནས་རྡ་ས་བདེ་དོན་གྱི་ལས་འཁུར་ཞུས། ༡༩༩༥ ལོར་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཞོན་དང་སློབ་སྟོན་པའི་ལས་འཁུར། ༡༩༩༦ ཕ་མའི་ཚོགས་ཆུང་དབུ་འཛུགས་དང་སློབ་ཕྲུག་བསྐྱེལ་རྒྱུའི་སྣུམ་འཁོར་སྐུ་ངོ་ཪིན་ཆེན་མཁའ་འགྲོ་ལགས་ནས་མཐུན་འགྱུར་ཞུས། ༡༩༩༨ ནས་ཧིན་བོད་འབྲེལ་མཐུད་ཚོགས་པ་ (BTMS) ནང་ལས་སྣེ་འདྲ་མིན་ཐོག་འགན་འཁུར་ཞུས། ༢༠༠༡ ལོར་གུ་ཇུ་རཌ་མངའ་སྡེར་ས་ཡོམ་བྱུང་སྐབས་བཀའ་འབྲེལ་བཞིན་ས་ཡོམ་ངལ་སྐྱོབ་དྭང་བླང་བའི་འགོ་འཁྲིད་ཟླ་བ་ ༦ རིང་ཞུས། ༢༠༠༥ ནས་ ༢༠༡༢ བར་འདམ་ག་ཚོགས་པའི་ཚོགས་གཙོ། ༢༠༠༡ ནས་ ༢༠༠༦ བར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཐུགས་བརྩེ་ཆེན་པོའི་ཐད་བསྐོས་སྤྱི་འཐུས་སུ་བཀྲིན་བསྐྱངས་གནང་བ་བཞིན་ལོ་ལྔའི་རིང་རྒྱུན་ལས། དེ་ནས་སྐབས་ ༡༤།༡༥།༡༦།༡༧ བཅས་ལ་དབུས་གཙང་རྒྱ་ཆེ་མི་མང་ནས་སྤྱི་འཐུས་སུ་འོས་འདེམས་བྱུང་།

༢༠༠༢ ནས་ ༢༠༠༤ བར་གཞོན་སྐྱེས་ཚོར་རྒྱལ་ཞེན་གྱི་ལས་འགུལ་སྤེལ། ༢༠༠༣ ལོ་ནས་བཙུན་མ་ལོ་དང་ཤེས་ཚད་གནས་བབ་ཀྱིས་བཙུན་དགོན་སྒྲིག་འཛུགས་གང་དུའང་མ་ཚུད་པ་རྣམས་བདག་སྐྱོང་བྱེད་ཆེད་བཙོན་དགོན་བསམ་གཏན་ཆོས་གླིང་དང་ ༢༠༠༣ ལོར་བོད་རིགས་ལས་མེད་ཚོགས་པ་དང་། ༢༠༠༥ ལོར་རྡ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་། ༢༠༠༧ ལོ་ནས་ ༢༠༢༤ བར་བོད་རིགས་གཞོན་སྐྱེས་ཚོར་༧གོང་ས་མཆོག་ནས་དམིགས་བསལ་ནང་ཆོས་ངོ་སྤྲོད་གནང་རྒྱུའི་བཀའ་བཞེས་བཟང་པོ་ཐོབ་པ་བཞིན་རྡ་སྟེང་བོད་ཁྱིམ་སློབ་གྲྭ་དང་རྡ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་ནང་འགན་འཁུར་ཞུས། ༢༠༠༥ སྒྲོལ་མ་ཤེལ་ཕྲེང་བཟོ་ལས་ཁང་འགོ་འཛུགས་ཀྱི་ད་ལྟ་བར་ཆོལ་གསུམ་བོད་རིགས་གསར་འབྱོར་དང་ལས་མེད། ཉལ་ཐག་ཆང་རག་ངན་གོམ་གྱི་ནད་པ་བཅས་བོད་མི་བརྒྱ་སྐོར་ལྷག་ལ་ལས་ཀ་སྤྲོད་ཐུབ་པ་བྱུང་ ༢༠༠༨ ལོར་དབུ་མའི་ལམ་གྱི་ལི་མང་ལས་འགུལ་ཁང་འགོ་བཙུགས་། ༢༠༡༡ ནས་༢༠༡༦ དབུས་གཙང་རྒྱུན་ལས་ཀྱི་ཚོགས་གཙོ་འགན་འཁུར་དང་ ༢༠༢༢ ནས་དབུས་གཙང་དབུས་རྒྱུན་ལས་ཀྱི་ཚོགས་གཙོའི་འགན་འཁུར་ཞུ་མོས་ཡིན། ༢༠༠༠ ནས་ ༢༠༡༢ བར་ཀུན་ཕན་ལས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་འཐུས་མི་དང་ ༢༠༡༣ ནས་ངེས་སྟོན་པའི་འགན་འཁུར་ཞུ་མུས། ༢༠༡༡ ལོར་ཨིག་ནོ་མཐོ་སློབ་ཡན་ལག་འགོ་བཙུགས།

༡༩༨༩ ལོར་བོད་ཀྱི་གཞོན་ལྷན་ཚོགས་ཀྱི་སྤྱི་ཚོགས་ཞབས་ཞུ་དང་ ༢༠༠༡ ལོར་ཨ་རིར་སྤྱི་ཚོགས་ཞབས་ཞུའི་གཟེངས་རྟགས་བཅས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་གསོལ་རས་ཐོབ། ༡༩༩༢ ནས་ ༢༠༢༥ བར་བོད་རིགས་གཞོན་སྐྱེས་བདག་མེད་དང་ཉལ་ཐག་ཆང་རག་ངན་གོམས་པ་གཙོས་བོད་མི་དཀའ་ངལ་ ༣༠ ལྷག་ཙམ་སོ་སོར་བདག་སྐྱོང་ཞུས། ད་ལྟ་སྐབས་ ༡ པའི་སྤྱི་འཐུས་ཀྱི་ལས་ཁུར་ཞུ་བཞིན་པ་བཅས་ཀྱི་ལོ་རྒྱུ་སྙིང་བསྡུས་སུ།