སྤྱི་འཐུས་རྒྱུན་ལས་ནས་རྔ་བའི་ཛ་དྲག་གནས་སྟངས་ལ་རྒྱབ་སྐྱོར་གནང་མཁན་ཚོར་ཐུགས་རྗེ་ཆེ་ཞུ་དང་འབོད་སྐུལ།

རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས། རྔ་བ་ཀིརྟི་དགོན་པའི་ཛ་དྲག་གནས་སྟངས་ཞི་འཇགས་ཡོང་སླད་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་ཁྱབ་དྲུང་ཆེ་མཆོག་ལ་སྙན་ཞུ་ཕུལ་ཡོད་པ་དང་། ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཞོན་སི་ཀོཊ་མེཀ་མེ་ལན་ Scott McMillan མཆོག་ནས་ཀྱང་གནད་དོན་དེའི་ཐོག་བསྒྲགས་གཏམ་སྤེལ་བ་བཅས་ལ་སྤྱི་འཐུས་རྒྱུན་ལས་ནས་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག  རྔ་བ་ཀིརྟི་དགོན་དུ་ཛ་དྲག་གི་གནས་སྟངས་ཞི་ལྷིང་དུ་མ་ཕྱིན་བར་དུ་མུ་མཐུད་རྒྱབ་སྐྱོར་གནང་གལ་དང་། ད་ལྟའི་ཆར་ཀིརྟི་དགོན་པའི་དངོས་ཡོད་གནས་སྟངས་ཇི་ཆགས་རྟོག་ཞིབ་སླད། གཞུང་འབྲེལ་མིན་པའི་སྒྲིག་འཛུགས་ཀྱི་སྐུ་ཚབ་འཕྲལ་དུ་གཏོང་དགོས་པའི་འབོད་སྐུལ་ཡང་ཞུས་འདུག

Menu