སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ལྡི་ལིར་ཕྱོགས་ཕེབས་གནང་གཏན་འཁེལ་བ།

༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དཔལ་ལྡན་ཚོགས་གཞོན་མཆོག་གི་དབུས་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་གར་ཆར་དུས་གྲོས་ཚོགས་ཚོགས་བཞིན་པའི་སྐབས་དང་བསྟུན་གང་ཅིའི་འབྲེལ་ལམ་ཆེད་ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༣༠ ནས་ཟླ་ ༨ ཚེས་ ༡༡ བར་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་གནང་རྒྱུ་དང་། དེ་རྗེས་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཆོད་དགོངས་དོན་བཞིན་ཕྱི་ཟླ་ ༨ ཚེས་ ༨ ཉིན་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྷན་ཚོགས་ཤིག་ཀྱང་ཚོགས་གནང་རྒྱུ་ཡིན་འདུག

དེ་ཡང་སྤྱི་འཐུས་སྐུ་ཚབ་རྣམ་པ་ཕྱི་ཚེས་ ༣༠ ཉིན་ལྡི་ལིར་ཕེབས་ཐོན་གནང་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་དུ།།

Menu