སྤྱི་འཐུས་ཚོགས་གཙོ་མཆོག་དབྱི་ཊ་ལིར་གཞུང་དོན་ཕྱོགས་ཕེབས།

སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དབྱི་ཊ་ལིའི་སྲིད་དོན་ཚོགས་པ་མང་གཙོ་མཉམ་འབྲེལ་ Alliance of Democrats ནས་གདན་ཞུས་ལྟར། ཕྱི་ཟླ་ ༡༡ ཚེས་ ༧ ཉིན་བཞུགས་སྒར་ནས་ཕེབས་ཐོན་གྱིས། ལྡི་ལི་བརྒྱུད་རོམ་གྲོང་ཁྱེར་དུ་ཕེབས་ཐོན་གནང་ཡོད་པ་དང་།

ཕྱི་ཚེས་ ༡༠ དང་ ༡༡ ཉིན་རོམ་གྲོང་ཁྱེར་དུ་མང་གཙོ་མཉམ་འབྲེལ་ཚོགས་པས་གོ་སྒྲིག་ཞུས་པའི་ཚོགས་ཆེན་དུ་མཉམ་ཞུགས་གནང་སྟེ། འཛམ་གླིང་ཡུལ་གྲུ་ཁག་ནས་ཕེབས་པའི་མང་ཚོགས་ཀྱི་དབུ་འཁྲིད་པ་དང་། སྲིད་ཇུས་གཏན་འབེབས་བྱེད་མཁན། ཆབ་སྲིད་པ་དང་སྲིད་དོན་ཚོགས་པའི་སྐུ་ཚབ། ཤེས་ཡོན་ཅན་སོགས་དང་ལྷན་མང་གཙོ་གོང་སྤེལ་དང་འགྲོ་བ་མིའི་ཐོབ་ཐང་གི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་འཆར་ཡོད་པ་དང་། ཚོགས་འདུ་གྲོལ་འཕྲལ་ཕྱི་ཚེས་ ༡༤ ཉིན་བཞུགས་སྒར་དུ་ཕེབས་འབྱོར་གནང་འཆར་ཡོད་པ་རེད། །

Menu