སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་དང་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་རྣམ་གཉིས་རྒྱ་གར་བྱང་ཕྱོགས་བོད་མིའི་གཞིས་ཆགས་ཁག་ཅིག་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་པ།

སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་དང་། སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག

༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་དང་། བལ་གོས་ཚོང་འདུས་ཀྱི་ས་གནས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་མཆོག་དང་། སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག་རྣམ་གཉིས་ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༥ ནས་ཚེས་ ༡༨ བར་རྒྱ་གར་བྱང་ཕྱོགས་སྦིར་གཞིས་ཁག་གསུམ་དང་། བཀྲ་ཤིས་ལྗོངས། མ་ན་ལི། ཀུ་ལུ། འབུམ་ཐར། སུན་མཚོ་མན་གསུམ། སྤོན་ཌོ་བཀྲ་ཤིས་གླིང་བཅས་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་ཡོད།

དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཀྱིས་ཕྱི་ཚེས་ ༥ ཉིན་ནས་ས་གནས་ཁག་གི་ལས་རིམ་འགོ་བཙུགས་གནང་ཡོད་པ་དང་། ད་ལྟ་མུ་མཐུད་ས་གནས་ཁག་གི་ནང་ལས་རིམ་འགྲོ་བཞིན་ཡོད་པ་བཅས། །