སེར་སྐྱ་མི་མང་སྟོང་ཕྲག་གིས་ཕེབས་བསུའི་སྣེ་ལེན་ཁྲོད་ བདེན་པའི་མེ་ལྕེ་སྦེལ་ཀོབ་ཏུ་འབྱོར་བ།

ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༠ ཉིན་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་སྦེལ་ཀོབ་ཏུ་འབྱོར་བ།ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༠ ཉིན་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་སྦེལ་ཀོབ་ཏུ་འབྱོར་བ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དབུ་འཁྲིད་པའི་ལྷོ་ཕྱོགས་ཁུལ་དུ་སྐོར་སྐྱོད་གནང་བཞིན་པའི་བོད་དོན་བདེན་པའི་མེ་ལྕེ་སྐོར་སྐྱོད་རུ་ཁག་དེ་ཕྱི་ཟླ་ ༧ ཚེས་ ༢༠ ཉིན་སྔ་དྲོ་ཆོུད་བཅུ་བའི་ཐོག་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་འབྱོར་བ་དང་ས་གནས་སེར་སྐྱ་མི་མང་རྣམས་ཀྱིས་སེམས་ཚོར་ཆེན་པོའི་ངང་དགའ་བསུའི་སྣེ་ལེན་ཞུ་།
ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༠ ཉིན་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་སྦེལ་ཀོབ་ཏུ་འབྱོར་བ།ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༠ ཉིན་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་སྦེལ་ཀོབ་ཏུ་འབྱོར་བ།ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༠ ཉིན་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་སྦེལ་ཀོབ་ཏུ་འབྱོར་བ།ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༠ ཉིན་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་སྦེལ་ཀོབ་ཏུ་འབྱོར་བ། ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༠ ཉིན་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་སྦེལ་ཀོབ་ཏུ་འབྱོར་བ།ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༠ ཉིན་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་སྦེལ་ཀོབ་ཏུ་འབྱོར་བ།ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༠ ཉིན་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་སྦེལ་ཀོབ་ཏུ་འབྱོར་བ།ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༠ ཉིན་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་སྦེལ་ཀོབ་ཏུ་འབྱོར་བ།
དེ་ཡང་ཕྱི་ཟླ་ ༧ ཚེས་ ༢༠ ཉིན་སྔ་དྲོ་ཆོུད་བཅུ་བའི་ཐོག་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་སྐོར་སྐྱོད་དེ་གྲོང་ཁྱེར་ཅེ་ནའི་ནས་ཅེ་ནེ་སློབ་ཕྲུག་ཚོགས་པའི་རྒྱུན་ཟུར་བསྟན་འཛིན་དགྲ་ལྷ་དང་ཚེ་དབང་་རྡོ་རྗེ་ལགས་གཉིས་ཀྱིས་སྦེལ་ཀོབ་དུ་རྒྱུད་སྤྲོད་གནང་སྐབས་། ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་འཇིགས་མེད་འབྱུང་གནས་མཆོག་དང་སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག་དང་། ལུགས་བདེ་གཞིས་ཆགས་གཉིས་ཀྱི་ས་གནས་འགོ་འཛིན་། ལུགས་བདེ་གཉིས་ཀྱི་མཉམ་འབྲེལ་ཚོགས་གཙོ། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་རྣམས་པ་། ས་གནས་གཞོན་ནུ་དང་བེུད་བཅས་ཀྱི་བདེན་པའི་མེ་ལྕེ་ཙིས་ལེན་ཞུས་ཏེ་གཞིས་སྤྱི་རྒྱལ་བའི་ཕོ་བྲང་དུ་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་ཀྱི་ཐོག་ཕོ་བྲང་དུ་སྐྱོད་། ལམ་བར་ས་གནས་མི་མང་རྣམས་ནས་དགའ་བསུའི་འབོད་སྒྲ་སྒྲོགས་པ་དང་གཞིས་སྤྱི་རྒྱལ་བའི་ཕོ་བྲང་དུ་འབྱོར་རྗེས་ཕེབས་བསུའི་མཛད་སྒོ་ཞིག་ཚོགས་ཡོད་། མཛད་སྒོའི་ཐོག་སྐུ་མགྲོན་གྱི་གཙོ་བོ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་J.P.Urs མཆོག་དང་་ཆོས་རིག་བཀའ་ཟུར་ཚེ་རིང་ཕུན་ཚོགས་མཆོག ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་འཇིགས་མེད་འབྱུང་གནས་མཆོག་དང་སྤྱི་འཐུས་བློ་བཟང་ཡེ་ཤེས་མཆོག། ས་གནས་ཁྲིམས་ཞིབ་པ། ལུགས་བདེ་གཉིས་ཀྱི་ས་གནས་འགོ་འཛིན། ལུགས་བདེ་གཉིས་ཀྱི་མཉམ་འབྲེལ་ཚོགས་གཙོས་། ས་གནས་གཞོན་ནུ་བེུད། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་རྣམས་པ་དང་རིས་མེད་ཆོས་སྡེ་ཁག་སོགས་གཞུང་འབྲེལ་དང་གཞུང་མ་ཡིན་པའི་ཚོགས་པ་སྡེ་ཚན་ཁག་གི་གནས་ཡོད་མི་སྣ་རྣམས་དང་སེར་སྐྱ་མི་མང་སྟོང་ཕྲག་བརྒལ་བ་ཞིག་འཛོམས་བྱུང་ཡོད། བདེན་པའི་མེ་ལྕེ་གཞིས་སྤྱི་རྒྱལ་བའི་ཕོ་བྲང་དུ་འབྱོར་སྐབས་སེར་སྐྱ་མི་མང་རྣམས་ཀྱིས་སེམས་ཚོར་ཆེན་པོའི་སྒོ་ནས་དགའ་བསུའི་ཐལ་མོ་ཤུགས་ཆེ་སྡེབས་བ་དང་བོད་རྒྱལ་ལོ་བོད་རང་བཙན་ཡིན་ཟེར་བ་སོགས་རྒྱལ་ཁའི་འབོད་སྒྲ་འབྲུག་སྒྲ་ལྡིར་བ་ལྟར་སྒྲོགས་པ་དང་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་འཕྱར་ཞིང་ཕེབས་བསུའི་སྣ་ལེན་ཞུས་ཡོད།
ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༠ ཉིན་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་སྦེལ་ཀོབ་ཏུ་འབྱོར་བ།ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༠ ཉིན་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་སྦེལ་ཀོབ་ཏུ་འབྱོར་བ།ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༠ ཉིན་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་སྦེལ་ཀོབ་ཏུ་འབྱོར་བ།ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༠ ཉིན་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་སྦེལ་ཀོབ་ཏུ་འབྱོར་བ། ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༠ ཉིན་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་སྦེལ་ཀོབ་ཏུ་འབྱོར་བ།ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༠ ཉིན་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་སྦེལ་ཀོབ་ཏུ་འབྱོར་བ།ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༠ ཉིན་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་སྦེལ་ཀོབ་ཏུ་འབྱོར་བ།ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༠ ཉིན་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་སྦེལ་ཀོབ་ཏུ་འབྱོར་བ།
མཛད་སྒོའི་ཐོག་མར་སེར་སྐྱ་མི་མང་རྣམས་ཀྱི་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་པའི་སྒོ་ནས་མཛད་སྒོ་འབུ་འཛུགས་གནང་ཡོད་པ་དང་ དེ་རྗེས་ལུགས་བསམ་ས་གནས་འགོ་འཛིན་ཚེ་དབང་དངོས་གྲུབ་ལགས་ནས་བདེན་པའི་མེ་ལྕེ་སྐོར་སྐྱོད་ཀྱི་ལས་འགུལ་སྐོར་ལ་ངོ་སྤྲོད་གསུང་བཤད་གནང་ དེ་ནས་སྤྱི་འཐུས་འཇིགས་མེད་འབྱུང་གནས་མཆོག་ནས་མང་ཚོགས་ལ་བོད་་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྣེ་འཁྲིད་པའི་བདེན་པའི་མེ་ལྕེ་སྐོར་སྐྱོད་ལས་འགུལ་གྱི་དགོས་དམིགས་སྐོར་ལ་ངོ་སྤྲོད་གསུང་བཤད་གནང་པ་དང་ཆབས་ཅིག་ཁོང་གིས་བོད་ནང་གི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་ཚོའི་ཆོད་སེམས་ལ་སྔགས་བརྗོ་དང་ཚེ་སྲོག་ཤོར་བ་རྣམས་ཀྱི་རྗེས་ཤུལ་ནང་མི་ཉེ་འབྲེལ་རྣམས་ལ་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་མ་ཟད་ཁོང་ཚོའི་མངོན་འདོད་གང་ཡོད་པ་དེ་སྒྲུབ་རྒྱུར་ང་ཚོ་བཙན་བྱོལ་རང་དབང་ལུང་པར་ཡོད་པ་ཚོས་ངེས་པར་དུ་བསམ་ཤེས་དང་འབད་བརྩོན་ཞུ་རྒྱུ་ཡིན་ཞེས་གསུངས་སོང་བ་དང་ལྷག་དོན་དུ་ད་ལྟ་ནི་ཚང་མས་བོད་དོན་ཆེད་ནུས་པ་འདོན་པའི་དུས་ལ་བབ་ཡོད་པས་བཙན་བྱོལ་བོད་མི་མི་ཚང་མི་རེ་ངོ་རེ་ནས་ཟླ་བའི་ཡོངས་ཁུངས་ནས་བོད་དོན་ལས་འགུལ་ཆེད་ཟླ་རེ་བཞིན་མ་དངུལ་ཟུར་འཇོག་གནང་དགོས་པའི་ཞེན་སྐུལ་གནང་སོང་།
ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༠ ཉིན་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་སྦེལ་ཀོབ་ཏུ་འབྱོར་བ།ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༠ ཉིན་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་སྦེལ་ཀོབ་ཏུ་འབྱོར་བ།ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༠ ཉིན་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་སྦེལ་ཀོབ་ཏུ་འབྱོར་བ།ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༠ ཉིན་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་སྦེལ་ཀོབ་ཏུ་འབྱོར་བ། ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༠ ཉིན་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་སྦེལ་ཀོབ་ཏུ་འབྱོར་བ།ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༠ ཉིན་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་སྦེལ་ཀོབ་ཏུ་འབྱོར་བ།ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༠ ཉིན་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་སྦེལ་ཀོབ་ཏུ་འབྱོར་བ།ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༠ ཉིན་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་སྦེལ་ཀོབ་ཏུ་འབྱོར་བ།
ཕྱོགས་མཚུངས་ལྷོ་ཕྱོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས། J.P.Urs མཆོག་ནས་ཀྱང་བདེན་པའི་མེ་ལྕེ་སྐོར་སྐྱོད་ལས་འགུལ་གྱི་དགོས་དམིགས་སྐོར་གཏམ་བཤད་གནང་བ་དང་སྦྲགས་ཁོང་གིས་རྒྱལ་སྤྱིའི་ཁྱོན་ལ་གནས་པའི་བོད་ཀྱི་གྲོགས་པོ་དང་བོད་དོན་རྒྱབ་སྐྱོར་བ་ཚོས་བོད་དོན་ཆེད་སོ་སོའི་གཞུང་ལ་གནོན་ཤུགས་སྤྲོད་དགོས་པ་དང་བོད་དོན་བདེན་མཐའ་སེལ་བའི་ལས་འགུལ་སྔར་ལྷག་སྤེལ་དགོས་པའི་འབོད་སྐུལ་གནང་བ་དང་བདེན་པའི་མེ་ལྕེ་ལས་འགུལ་བརྒྱུད་ནས་བོད་དོན་བདེན་མཐའ་སེལ་བའི་རེ་བ་དང་སྨོན་འདུན་ཡོད་པ་སོགས་ཀྱི་གཏམ་བཤད་གནང་ཡོད། མཐའ་དོན་བདེ་སྐྱིད་སླར་གསོའི་ས་གནས་འགོ་འཛིན་བྱམས་པ་ཕུན་ཚོགས་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བ་དང་ཚང་མ་སྐུ་བཞེངས་ཐོག་བདེན་ཚིག་སྨོན་ལམ་གསུང་གདོན་གནང་རྗེས་སེར་སྐྱ་མིང་ཚོས་ཚོར་ཤུགས་ཆེན་པོས་རྒྱལ་ཁའི་འབོད་སྒྲ་ཤུགས་ཆེ་སྒྲོགས་བཞིན་འཇུག་སྒྲིལ་གནང་ཡོད་པ་རེད།
བོད་མི་མང་སྤྱི་འཐུས་གཉིས་ཀྱིས་གཙོ་བོ་སྣེ་འཁྲིད་དེ་བདེན་པའི་མེ་ལྕེ་དེ་ཕྱི་ཚེས་ ༢༠ ནས་ ༢༩ བར་སྦེལ་ཀོབ་ཁུལ་དུ་སྐོར་སྐྱོད་དང་མཚན་རྟགས་བསྡུ་རུབ་གནང་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༢༦ ཉིན་པིར་ཡ་པར་ན་དང་། (Priyapatna) ཕྱི་ཚེས་ ༢༧ ཉིན་མ་ཏྲི་ཀ་རི་ (Medikeri) ཕྱི་ཚེས་ ༢༨ ཉིན་ཀུ་ཤལ་ན་གར། (Kushalnagar) བཅས་ས་གནས་རྒྱ་གར་གྲོང་སྡེ་ཁག་ནང་བདེན་པའི་མེ་ལྕེ་སྐོར་སྐྱོད་ཀྱི་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་རྒྱུ་དང་དེ་མིན་དུས་ཚོད་གཞན་རྣམས་སྦེལ་ཀོབ་བོད་མིའི་གཞིས་ཆགས་ནང་ཁུལ་དུ་ལས་འགུལ་སྤེལ་རྒྱུའི་འཆར་གཞི་ཡོད་པ་རེད། ལས་འགུལ་སྐབས་མི་མང་ལ་གཏམ་བཤད་དང། མཚན་རྟགས་བསྡུ་རུབ། གསར་འགོད་ལྷན་ཚོགས། བོད་དོན་དང་འབྲེལ་བའི་ཡིག་ཆ་འགྲེམས་སྤེལ་བཅས་གནང་གི་ཡོད་པ་དང་། རྒྱ་གར་གྲོང་སྡེ་ཁག་གི་གཞི་རིམ་དང་མཐོ་སློབ་ཀྱི་སློབ་ཕྲུག་དང་ས་གནས་ཀྱི་གནས་ཡོད་མི་སྣ་སོགས་ཀྱང་ལས་འགུལ་ནང་མཉམ་ཞུགས་གནང་འཆར་་ཡོད་རེད།
ལྷོ་ཕྱོགས་སྦེལ་ཀོབ་ཁུལ་དུ་བདེན་པའི་མེ་ལྕེ་སྐོར་སྐྱོད་དང་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་དེ་ནི་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་རྣམ་གཉིས་དང་། ལུགས་བདེ་གཞིས་ཆགས་གཉིས་ཀྱི་ས་གནས་འགོ་འཛིན་ལས་ཁུངས། ལུགས་བདེ་གཉིས་ཀྱི་མཉམ་འབྲེལ་ཚོགས་གཙོ། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་རྣམས་པ། ས་གནས་གཞོན་ནུ་དང་བེུད་བཅས་ཀྱིས་མཉམ་རུབ་ཀྱི་ཐོག་ནས་གོ་སྒྲིག་གནང་གི་ཡོད་པ་རེད། བདེན་པའི་མེ་ལྕེ་སྐོར་སྐྱོད་དང་མཚན་རྟགས་བསྡུ་རུབ་ལས་འགུལ་གྱི་དགོས་འདུན་ཁག་ནི།
༡༽ ཕྱི་ལོ་ ༡༩༥༩ དང་། ༡༩༦༡། ༡༩༦༥ བཅས་སོ་སོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བོད་དོན་ཐོག་བཞག་པའི་གྲོས་ཆོད་ཁག་སླར་ཡང་རྒྱལ་ཚོགས་ནས་གླེང་སློང་དང་ལག་བསྟར་མཇུག་གནོན་དགོས་པ།
༢༽ བོད་ནང་ད་ལྟའི་ཛ་དྲག་གི་གནས་སྟངས་རྟོག་ཞིབ་སླད་རང་དབང་ཅན་གྱི་རྒྱལ་སྤྱིའི་སྐུ་ཚབ་ཁག་ཅིག་འཕྲལ་གཏོང་དགོས་པ།
༣༽ བོད་ནང་གི་བོད་མིའི་མངོན་འདོད་བསྒྲུབ་རྒྱུར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དམིགས་བསལ་འགན་འཁུར་བཞེས་དགོས་པ་བཅས་རེད།

Menu