ཤིས་ལོངས་སུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་གྲུབ་པ།

 

ཤིས་ལོངས་སུ་བདེན་པའི་མེ་ལྕེ་སྐོར་བསྐྱོད།ཤིས་ལོངས་སུ་བདེན་པའི་མེ་ལྕེ་སྐོར་བསྐྱོད།

ཤིས་ལོངས་ས་གནས་འགོ་འཛིན་ལྷག་པ་ཚེ་རིང་ལགས་ཀྱིས་བཏང་གནས་སུ། ཕྱི་ལོ་ ༢༠༡༢ ། ༧། ༡༡ ཉིན་ཤིས་ལོངས་ཉིན་ལྷག་དཀར་སྲུང་བརྩི་དང་བསྟུན་ནས་དགའ་ལྡན་ཆོས་གླིང་དུ་མི་མང་འའདུ་འཛོམས་ཀྱིས་བདེན་པའི་མེ་ལྕེ་སྐོར་བསྐྱོད་བྱས་ཡོད་པ་དང་། དེ་ནས་རིམ་གྱིས་ཤིས་ལོངས་ས་གནས་ཀྱིས་ (Happy Valley)  སྨན་རྩིས་ཁང་། (Bara Bazar) Jhalupara) བཅས་སུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་གྲུབ་པ་དང་།ཉིན་དེའི་ཕྱི་དྲོའི་ཚོུད་ ༦། ནས་ ༨ ས་གནས་ (Jhalupara)དང་སྐོར་སྲུང་ལས་ཁུངས་(IGP Point, SP Office) བར་གཞུང་ལམ་དུ་བདེན་པའི་མེ་ལྕེ་མཉམ་མི་མང་གི་ལག་ཏུ་མར་མེ་འཁྱེར། ཞལ་ནས་བྱང་ཆུང་སེམས་མཆོག་འུར་འདོན་ཁྲོམ་སྐོར་གནང་།ཡུལ་མི་ཚོར་བོད་དོན་ངོ་སྤྲོད་དང་མཚན་རྟགས་བསྡུར་རུབ་སོགས་ཀྱི་ལས་འགུལ་སྤེལ་བ་དང་། ཚེས་ ༡༣ ཉིན་ཤིས་ལོངས་ནས་གྷ་ཝ་ཧྰ་ཊིར་གྲོང་འཁྱེར་བར་ཤར་བསྐྱོད་གནང་རྒྱུ་དང་། ས་གནས་དེར་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་གདན་འདྲེན་ཞུ་རྒྱུ་དང་དེ་བཞིན་གསར་འགོད་གསལ་བསྒྲགས་གཞི་རྒྱ་ཆེ་བ་ཞིག་ཀྱང་གནང་རྒྱུ་ཡིན་པའི་གནས་ཚུལ་སྙིང་བསྡུས་སུ།
གོང་མིང་པས་ ༢༠༡༢།༧།༡༢
ཉིན་ཕུལ།།

ཤིས་ལོངས་སུ་བདེན་པའི་མེ་ལྕེ་སྐོར་བསྐྱོད།ཤིས་ལོངས་སུ་བདེན་པའི་མེ་ལྕེ་སྐོར་བསྐྱོད།