ལྡི་ལིར་འཕགས་བོད་འབྲེལ་མཐུད་ཚོགས་པའི་འགན་འཛིན་ལྷན་ཚོགས་འདུ་བསྐོང་གནང་བ།

བྷ་རད་ཏི་བད་སྷ་ཡོག་མན་ཅའི་འགན་འཛིན་ལྷན་ཚོགས།བྷ་རད་ཏི་བད་སྷ་ཡོག་མན་ཅའི་འགན་འཛིན་ལྷན་ཚོགས།

༄༅། །འཕགས་བོད་འབྲེལ་མཐུད་ཚོགས་པའི་ ( Bharat Tibet Sahyog Manch འགན་འཛིན་ལྷན་ཚོགས་རྒྱ་གར་རྒྱལ་ས་ལྡི་ལི་རུ་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༩ ཉིན་མངའ་སྡེ་ཁག་ ༡༥ ནས་ཚོགས་མི་ ༡༠༠ ལྷག་ཙམ་ཚོགས་བཅར་གྱིས་སྔ་དྲོ་ཚོུད་ ༡༠ པ་ནས་ཕྱི་དྲོ་ཚོུད་ ༦ པའི་བར་འཚོགས་པར་སྐུ་ཞབས་ Indresh མཆོག་གིས་གཙོས་གནད་ཡོད་མི་ཁག་གཅིག་ཕེབས་ཡོད་པ་དང་། སྐབས་དེར་བོད་མི་མང་སྤྱི་འཐུས་ཨཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་ཚོགས་འདུར་ཕེབས་བཅར་གནང་སྟེ་བོད་ནང་གི་དངོས་ཡོད་གནས་སྟངས་རྣམས་འགྲེལ་བརྗོད་གནང་པ་དང་། འབྲེལ་མཐུད་ཚོགས་པ་དེ་ཉིད་ཡར་རྒྱས་ཚགས་ཚུད་ཐོག་རྒྱབ་སྐྱོར་གྱི་ནུས་པ་ཇེ་ཆེར་གཏོང་གནང་དགོས་པའི་འབོད་སྐུལ་དང་། འབྱུང་འགྱུར་རྒྱ་གར་དབུས་དང་མངའ་སྡེ་ཁག་སོ་སོའི་འོས་བསྡུའི་སྐབས་འཐུས་མི་རྣམས་ལ་བོད་དོན་ཐོག་རྒྱབ་སྐྱོར་གནང་དགོས་ཀྱི་འབོད་སྐུལ་ཞུ་གནང་ཡོང་བ་བཅས་ཞུས་འདུག ཚོགས་འདུར་ལྡི་ལི་བསམ་ཡས་གླིང་གི་ས་གནས་འགོ་འཛིན་དང་། བོད་རང་དབང་བདེན་པའི་ལས་འགུལ་གྱི་ཚོགས་མི། དེ་བཞིན་བརྒྱ་དཔོན་བཅས་ཚོགས་བཅར་ཞུས་ཡོད་པ་རེད། ཚོགས་པའི་འགན་འཛིན་ལྷན་ཚོགས་ཐོག་མ་འོངས་ལས་འགུལ་སྤེལ་རྒྱུའི་དོན་གནད་ཁག་གཅིག་ཐག་གཅོད་གནང་ཡོད་པ་དང་། ཚོགས་པའི་ཡན་ལག་མངའ་སྡེ་ཁག་ ༡༩ ནང་ཡོད་ཅིང་། ད་དུང་མུ་མཐུད་ཚོགས་པའི་ཡན་ལག་རྒྱ་གར་གྱི་མངའ་སྡེ་གཞན་གྱི་ནང་དུ་འཛུགས་ཐབས་གནང་རྒྱུ་གནང་ཡོད་པ་བཅས་ཀྱི་གནས་བསྡུས་སུ།།

བྷ་རད་ཏི་བད་སྷ་ཡོག་མན་ཅའི་འགན་འཛིན་ལྷན་ཚོགས།བྷ་རད་ཏི་བད་སྷ་ཡོག་མན་ཅའི་འགན་འཛིན་ལྷན་ཚོགས།

Menu