རྩིས་ལོ་ ༢༠༡༢་་་༡༣ ལོའི་སྔོན་རྩིས་ཚོད་དཔག་ཚོགས་ཆུང་གི་ལས་དོན་དབུ་འཛུགས།

ཚོགས་གཙོ་སྦྲེལ་པོའི་བཀོད་ཁྱབ་གཞིར་བཟུང་། སྤྱི་འཐུས་པད་མ་འབྱུང་གནས་ལགས་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། སྤྱི་འཐུས་རྒྱ་རིགས་ཐར་ལགས། སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས། སྤྱི་འཐུས་འཇིགས་མེད་འབྱུང་གནས་ལགས་བཅས་ལས་གྲུབ་པའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༡༢་་་༡༣ ལོའི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་ཕྱི་ཟླ་ ༢ ཚེས་ ༢༧ ནས་ལས་དོན་དབུ་འཛུགས་གནང་ཡོད་པ་དང་། ཚོགས་ཆུང་གི་གྲུབ་དོན་སྙན་ཐོ་ཟླ་ ༢ ཚེས་ ༡༢ ཉིན་ཚོགས་དྲུང་ལས་ཁུངས་སུ་འབུལ་དགོས་ཤིང་། ཚེས་ ༡༤ ཉིན་ནས་དབུ་འཛུགས་གནང་རྒྱུའི་གྲོས་ཚོགས་ཚོགས་དུས་ ༣ པའི་སྟེང་བཀའ་འཁྲོལ་གཏན་འབེབས་གནང་རྒྱུ་ཡིན་འདུག

 

ཚོད་དཔག་ཚོགས་ཆུང་ནང་ཁུལ་ནས་ཚོགས་གཙོར་སྤྱི་འཐུས་པད་མ་འབྱུང་གནས་ལགས་དང་། ཚོགས་དྲུང་དུ་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་བསྐོ་གཞག་གནང་ཡོད་པ་རེད།

Menu