རྡ་ས་ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་རྒྱུན་ལས་གཅིག་གིས་གཙོས་ས་གནས་རྒྱ་གར་གཞོན་སྐྱེས་ཁག་ཅིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།

 

༄༅། ། ཕྱི་ལོ ༢༠༡༧ ཟླ་ ༩ ཚེས་ ༢༡ གྲོས་ཚོགས་ཀྱི་ལས་ཉིན་གསུམ་པ་འཚོགས་བཞིན་པ་དང་བསྟུན། རྡ་ས་ས་གནས་འགོ་འཛིན་ལས་ཁུངས་བརྒྱུད་རྡ་ས་ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་རྒྱུན་ལས་སྐུ་ཞབས་ Vikas Nehria ལགས་གིས་གཙོས་ས་གནས་རྒྱ་གར་གཞོན་སྐྱེས་ ༡༩ བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་བོད་དང་འབྲེལ་བའི་གནད་དོན་ཤེས་རྟོགས་ཆེད་ཕེབས་གནང་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༠༠ པའི་ཐོག་རྡ་ས་ཧིན་བོད་མཛའ་འབྲེལ་ཚོགས་པའི་རྒྱུན་ལས་སྐུ་ཞབས་ Vikas Nehria ལགས་ཀྱིས་སྣེ་འཁྲིད་འོག་རྡ་ས་ས་གནས་ཁུལ་གྱི་རྒྱ་གར་གཞོན་སྐྱེས་རྣམས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་སྣེ་ལེན་དང་སྦྲགས། སྤྱི་འཐུས་རྒྱུན་ལས་ཀྱི་ཚོགས་ཁང་ནང་ཁོང་རྣམས་ལ་བོད་ཀྱི་འདས་པའི་ལོ་རྒྱུས་སྙིང་བསྡུས་དང་། ད་ལྟའི་བོད་ཕྱི་ནང་གཉིས་ཀྱི་གནས་བབ། བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐོར་ལ་རྒྱས་བཤད་གནང་ཡོད་པ་མ་ཟད། སྤྱི་འཐུས་ལྷན་ཁང་གི་འགྲོ་ལུགས་སོགས་ཀྱི་ཐོག་འགྲེལ་བརྗོད་སྙིང་བསྡུས་གནང་རྗེས། ཁོང་རྣམས་གྲོས་ཚོགས་ནང་གདན་ཞུས་ལྟར་སྐུ་མགྲོན་དུ་ཕེབས་གནང་བར་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་གྲོས་ཚོགས་ཀྱི་ཆེ་མཐོང་གི་མཚམས་འདྲི་གནང་བ་བཅས་ཀྱི་གནས་ཚུལ་དུ།།
 

 

Menu