ངག་དབང་ནོར་འཕེལ།ངག་དབང་ནོར་འཕེལ།
ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༢༠ ཉིན་རྒྱལ་གཅེས་དཔའ་བོ་ངག་དབང་ནོར་འཕེལ་ལགས་དང་། བསྟན་འཛིན་མཁས་གྲུབ་ལགས་གཉིས་ཀྱིས། ཡུལ་ཤུལ་རྫ་སྟོད་གྲོང་བརྡལ་དུ་དུས་གཅིག་ལ་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་པ་དང་། སྐབས་དེར་བསྟན་འཛིན་མཁས་གྲུབ་དུས་ཐོག་དགོངས་པ་རྫོགས་ཡོད་པ་རེད། རང་ལོ་ ༢༢ ཡིན་པའི་རྒྱལ་གཅེས་དཔའ་བོ་ངག་དབང་ནོར་འཕེལ་ལགས། ཟླ་ ༧ ཚེས་ ༣༠ ཉིན་ཟི་ལིང་སྨན་ཁང་དུ་དགོངས་པ་རྫོགས་ཡོད་འདུག སྐབས་དེར་སྨན་ཁང་དུ་ཁོང་གི་ཕ་ལྷག་པ་དོན་འགྲུབ་སྨན་ཁང་དུ་ཡོད་པ་དང་། ཚེས་ ༣༡ ཉིན་རྒྱལ་གཅེས་དཔའ་བོ་དམ་པ་དེའི་སྐུ་ཕུང་གཞུགས་འབུལ་གནང་རྒྱུ་ཡིན་འདུག ཕྱི་ལོ་ ༢༠༠༩ ནས་བོད་དུ་རང་ལུས་མེར་སྲེག་གནང་མཁན་གྲངས་ ༤༤ ཆགས་ཡོད་པ་དང་། དེའི་ནང་ནས་འདས་གྲོངས་སུ་གྱུར་པ་གྲངས་ ༣༤ ཆགས་ཡོད་པ་རེད།