རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་ཀོ་ལེ་གྷལ་དུ་འབྱོར་བ།

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༣ སྔ་དྲོ་ཚོུད་ ༡༡།༣༠ ཐོག་ཀོ་ལེ་གྷལ་དོན་ལྡན་གླིང་ས་གནས་སུ་བདེན་པའི་མེ་ལྕེ་ཧོན་སུར་ནས་ཕེབས་འབྱོར་སྐབས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་གཙོས་ཡུལ་མིའི་ཚོགས་མི་རྣམ་པ་དང༌། ཀོ་ལེ་གྷལ་ས་གནས་འགོ་འཛིན་མཆོག་དང༌། དགོན་སྡེ་ཁག་གི་སྐུ་ཚབ་རྣམས་པ། ས་འཐུས་ཚོགས་གཙོ། རང་བདེན་ཚོགས་གཙོ། མཉམ་འབྲེལ་ཚོགས་གཙོ་དང་མཉམ་དྲུང༌། ས་གཞོན་བུད་མེད་གཉིས་ཀྱི་ཚོགས་གཙོ། སྨན་ཁང་གཉིས་ཀྱི་འགན་འཛིན། སློབ་སྤྱི། གྲོང་སྡེ་ཉེར་གཉིས་ཀྱི་བརྒྱ་དཔོན་རྣམ་དང༌། གྲོང་སྡེ་ T མི་མང་རྣམས་དང༌། གྲོང་སྡེ་རེ་ནས་སྦག་སྦག་རེ་དང་མི་གཉིས་བཅས་ནས་བོད་རྒྱལ་ཁྱབ་ཀྱི་རྒྱལ་དར་བསྣམས་ནས་གཞིས་ཆགས་ཀྱི་གྲོང་སྡེ་ T རྒྱལ་སྒོར་བདེན་པའི་མེ་ལྕེ་ཕེབས་བསུ་ཞུས་པ་དང་སྦྲགས། ས་འཐུས་ཚོགས་གཞོན་དང་ས་གནས་འགོ་འཛིན་གཉིས་ནས་བདེན་པའི་མེ་ལྕེ་བོད་མི་མང་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས་ཀྱི་ཕྱག་ནས་རྩིས་བཞེས་ཀྱིས་གཞིས་ལས་ཁང་གི་མདུན་ཐང་དུ་རུ་སྒྲིག་དང་གཟི་བརྗིད་ལྡན་པས་གདན་འདྲེན་ཞུས།

བོད་མི་མང་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས་ཀྱི་ཕྱག་ནས་ཀོ་ལེ་གྷལ་དོན་ལྡན་གྱིང་གི་ས་གནས་འགོ་འཛིན་ལ་བརྒྱུད་སྤྲོད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས་ཀྱི་ཕྱག་ནས་ཀོ་ལེ་གྷལ་དོན་ལྡན་གྱིང་གི་ས་གནས་འགོ་འཛིན་ལ་བརྒྱུད་སྤྲོད་གནང་བཞིན་པ།

གཞིས་ལས་ཁང་མདུན་ཐང་དུ་ཀོ་ལེ་གྷལ་མི་མང་རྣམས་ནས་རུ་སྒྲིག་ཞུས་ཏེ། ཉིན་སློབ་ཀྱི་སློབ་ཕྲུག་རྣམས་ནས་རོལ་དབྱངས་དང་སྦྲགས་བདེན་པའི་མེ་ལྕེ་ཕེབས་བསུ་ཞུས། དེ་ནས་ཀོ་ལེ་གྷལ་དོན་ལྡན་གླིང་ས་གནས་སུ་བདེན་པའི་མེ་ལྕེ་ཕེབས་བསུ་མཛད་སྒོ་དངོས་གཞི་བསྐྱངས་པའི་ཐོག་མར་སློབ་གྲྭའི་སློབ་ཕྲུག་རྣམས་ནས་རོལ་དབྱངས་དང་མཉམ་འཕགས་བོད་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་ཕུལ། དེ་ནས་བོད་ཕྱི་ནང་གཉིས་ཀྱི་རྒྱས་གཅེས་དཔའ་བོ་དཔའ་མོ་འདས་སོན་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་ངག་བཅད་མྱ་ངན་གུས་འདུད་སྐར་མ་གཅིག་རིང་ཞུས། དེ་རྗེས་བདེན་ཚིགས་སྨོན་ལམ་འུར་འདོན་གནང་གྲུབ་མཚམས་ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་ལགས་ནས་བོད་ནང་ཛ་དྲག་གི་གནས་སྟངས་སྐོར་དང་བདེན་པའི་མེ་ལྕེ་སྐོར་བསྐྱོད་ལས་འགུལ་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང༌། དེ་ནས་ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ར་ཅ་ཆ་ཅ་རི་ཡ་མཆོག་ནས་གསུང་བཤད་གནང་བསྒྲུབས་མཚམས་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས་ནས་ལས་འགུལ་དང་འབྲེལ་བའི་གསུང་བཤད་གནང༌། ས་གནས་བདེན་པའི་མེ་ལྕེ་ལས་འགུལ་ཚོགས་ཆུང་གི་ཚོགས་གཙོ་ས་འཐུས་ཚོགས་གཞོན་ནས་བདེན་པའི་མེ་ལྕེ་ལས་འགུལ་གྱི་གསར་འགོད་གསལ་བསྒྲགས་སྒྲོག་སྦྱང་ཞུས། ས་གནས་མེ་ལྕེ་ལས་འགུལ་ཚོགས་ཆུང་གི་ཚོགས་གཞོན་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོས་ཕྱི་ཟླ་ ༨ ཚེས་ ༤ ནས་ཚེས་ ༧ བར་གྱི་ས་གནས་སུ་ལས་འགུལ་སྤེལ་འཆར་གྱི་ལས་རིམ་སྙན་སྒྲོན་དང་སྦྲགས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་མཇུག་སྒྲིལ།

ཀོ་ལེ་གྷལ་དོན་ལྡན་གྱིང་དུ་སྦག་སྦག་གཞོན་ནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་བཞིན་པ།ཀོ་ལེ་གྷལ་དོན་ལྡན་གྱིང་དུ་སྦག་སྦག་གཞོན་ནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་བཞིན་པ།

དེ་རྗེས་ས་གནས་ཧིན་བོད་མཛད་འབྲེལ་ཚོགས་པའི་ཚོགས་གཙོ་གཙོས་ཚོགས་མི་རྣམ་པ་དང༌། ས་གནས་འགོ་འཛིན་གཙོས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་ཚོགས་མི་རྣམ་པ། གྲོང་སྡེ་རེ་ནས་མི་གཉིས་རེ་བཅས་ཁྱོན་མི་གྲངས་ ༡༥༠ ཙམ་གྱིས་གཞིས་ལས་ཁང་ནས་ཨོ་ཏྲེ་སྤལ་ཡ་བར་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཞུས་པ་དང་སྦྲགས། ཨོ་ཏྲེ་སྤལ་ཡ་དུ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་གཙོས་ཚོགས་མི་རྣམས་ནས་ཡུལ་སྐད་ཐོག་བདེན་པའི་མེ་ལྕེ་ལས་འགུལ་དང་བོད་ཀྱི་ཛ་དྲག་གནས་སྟངས་སྐོར་གསུང་བཤད་གནང་རྗེས། ཨོ་ཏྲེ་སྤལ་ཡ་ནས་གཞིས་ལས་ཁང་དུ་བདེན་པའི་མེ་ལྕེ་ཕྱིར་གདན་འདྲེན་ཞུས།

རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་ཀོ་ལེ་གྷལ་དུ་འབྱོར་བ།རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་ཀོ་ལེ་གྷལ་དུ་འབྱོར་བ།

ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༤ ནས་ཚེས་ ༦ བར་ཀོ་ལེ་གྷལ་གཞིས་གྲོང་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད་ལས་འགུལ་གྲོང་སྡེ་རེ་རེ་རིམ་བཞིན་སྤེལ་འཆར་ཡོད་པ་དང༌། ༢༠༡༢ ཟླ་ ༨ ཚེས་ ༧ ཉིན་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་རྣམ་པ་དང༌། ས་གནས་འགོ་འཛིན་གཙོས་ས་གནས་ཀྱི་བདེན་པའི་མེ་ལྕེ་ལས་འགུལ་ཚོགས་ཆུང་གི་ཚོགས་མི་རྣམས་དང༌། གཞིས་གྲོང་ནས་ཁྱོན་མི་གྲངས་ ༥༠ ཙམ་ནས་ཅམ་རཇ་ན་སྒར་རྫོང་གི་རྒྱལ་ས་ནས་གོམས་བགྲོད་ཀྱིས་རྫོང་དཔོན་ལས་ཁུངས་ཀྱི་མདུན་ཐང་དུ་འདུ་འཛོམས་དང་ཆབས་ཅིག་བདེན་པའི་མེ་ལྕེ་ལས་འགུལ་གྱི་དགོས་འདུན་ཁག་རྫོགས་དཔོན་མཆོག་ལ་ཞུ་སྙན་འབུལ་ལམ་ཞུ་རྒྱུ་དང༌། ཚེས་ ༨ ཉིན་སྔ་དྲོ་ཚོུད་ ༨ ཐོག་ཀོ་ལེ་གྷལ་དོན་ལྡན་གླིང་གི་ྋརྒྱལ་བའི་ཕོ་བྲང་མདུན་ཐང་དུ་འགོ་མང་རྣམས་ནས་བསང་གསོལ་ཟབ་རྒྱས་འབུལ་རྒྱུ་དང་ཆབས་ཅིག་བདེན་པའི་མེ་ལྕེ་ཕེབས་བསྐྱེལ་མཛད་སྒོ་ཞུས་ཏེ་འདི་ག་ས་གནས་ནས་སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག་མེ་སོར་ས་ཁུལ་དུ་གདན་འདྲེན་ཞུ་རྒྱུ་བཅས། ཀོ་ལེ་གྷལ་དོན་ལྡན་གླིང་ས་གནས་འགོ་འཛིན་ལས་ཁང་ནས་ ༢༠༡༢ ཟླ་ ༨ ཚེས་ ༣ ལ།།

རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་ཀོ་ལེ་གྷལ་དུ་འབྱོར་བ།རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་ཀོ་ལེ་གྷལ་དུ་འབྱོར་བ།