རྒྱ་གར་ལྷོ་ཕྱོགས་ཀྱི་བདེན་པའི་མེ་ལྕེ་ཧུན་སུར་དུ་སྐོར་བསྐྱོད་ལེགས་གྲུབ་བྱུང་བ།

ཧུན་སུར་རབ་རྒྱས་གླིང་ནས་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་ཟླ་ ༨ ཚེས་ ༢༩ ཉིན་ཧུན་སུར་ཁུལ་དུ་འབྱོར་བ་དང་། ཕྱི་ཚེས་ ༣༠ ཉིན་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དུ་སྐོར་བསྐྱོད་དང་། ཕྱི་ཚེས་ ༣༡ ཉིན་གཞིས་ཆགས་ཉེ་འཁྲིས་ H D Kote གྲོང་ཁྱེར་དུ་ཁྲོམ་འདུས་དང་བསྟུན་སྐོར་བསྐྱོད་བྱས་པ་དང་། སྐབས་དེར་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས་ཀྱིས་ཡུལ་སྐད་ཐོག་བདེན་པའི་མེ་ལྕེའི་ལས་འགུལ་ངོ་སྤྲོད་དང་། མང་ཚོགས་ལ་ཡུལ་སྐད་དང་དབྱིན་སྐད་ཐོག་ཡོད་པའི་ཡིག་ཆ་ཁག་འགྲེམས་སྤེལ་གནང་ཡོད། ས་གནས་བརྒྱུད་ལམ་ཁག་གི་མི་སྣ་མང་པོ་མཉམ་བཞུགས་གནང་བར་མ་ཟད། ཕྱི་ཉིན་བརྒྱུད་ལམ་མང་པོའི་ནང་གནས་ཚུལ་ཡང་ཐོན་ཐུབ་པ་བྱུང་འདུག ཉིན་རྒྱབ་ཉེ་འཁྲིས་གྲོང་གསེབ་ Naganahalli ཞིག་ཏུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་བྱས་པ་སོགས་མདོར་ན་ཉིན་དེར་བོད་དོན་ཞུ་སྙན་སྟེང་ཡུལ་མི་གསུམ་སྟོང་ཙམ་ནས་མཚན་རྟགས་བསྡུ་རུབ་ཐུབ་པ་བྱུང་འདུག

རྒྱ་གར་ལྷོ་ཕྱོགས་ཀྱི་བདེན་པའི་མེ་ལྕེ་ཧུན་སུར་དུ་སྐོར་བསྐྱོད་ལེགས་གྲུབ་བྱུང་བ།རྒྱ་གར་ལྷོ་ཕྱོགས་ཀྱི་བདེན་པའི་མེ་ལྕེ་ཧུན་སུར་དུ་སྐོར་བསྐྱོད་ལེགས་གྲུབ་བྱུང་བ།རྒྱ་གར་ལྷོ་ཕྱོགས་ཀྱི་བདེན་པའི་མེ་ལྕེ་ཧུན་སུར་དུ་སྐོར་བསྐྱོད་ལེགས་གྲུབ་བྱུང་བ།རྒྱ་གར་ལྷོ་ཕྱོགས་ཀྱི་བདེན་པའི་མེ་ལྕེ་ཧུན་སུར་དུ་སྐོར་བསྐྱོད་ལེགས་གྲུབ་བྱུང་བ།

ཕྱི་ཟླ་ ༨ ཚེས་ ༡ ཉིན་བདེན་པའི་མེ་ལྕེ་སྐོར་བསྐྱོད་ལས་འགུལ་དངོས་སུ་འགོ་འཛུགས་མ་ཞུས་གོང་། རབ་རྒྱས་གླིང་མི་མང་ཚོགས་ཁང་ནང་སྐུ་ཞབས་ Mr. William D’Souza ལགས་སྐུ་མགྲོན་གཙོ་བོར་གདན་ཞུ་དང་འབྲེལ་མཛད་སྒོའི་ཐོག་མར་ས་གནས་འགོ་འཛིན་ཡེ་ཤེས་ཆོས་སྒྲོན་ལགས་ནས་མཛད་སྒོ་དང་སྐུ་མགྲོན་གཙོ་བོ་མང་ཚོགས་བཅས་ལ་ངོ་སྤྲོད་གནང་། དེ་རྗེས་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས་ནས་བདེན་པའི་མེ་ལྕེའི་ལས་འགུལ་སྐོར་གྱི་གཏམ་བཤད་གནང་། སྐུ་མགྲོན་གཙོ་སྐུ་ཞབས་ William D’Souza ལགས་ནི་དེ་སྔ་ཧུན་སུར་གཞིས་ཆགས་ཐོག་མ་གསར་བཙུགས་སྐབས་ཕྱག་ལས་གནང་མྱོང་ཡོད་པ་དང་། ཁོང་གིས་བོད་དོན་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་གྱི་གསུང་བཤད་གནང་། དེ་རྗེས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་རྡོ་རྗེ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་གནང་སྟེ་མཛད་སྒོ་གྲོལ། རིམ་བཞིན་གཞིས་གྲོང་ཁག་ ༡༤ དང་། རྒས་གསོ་ཁང་། ས་གནས་སྨན་ཁང་། སྨན་རྩིས་ཁང་། དགོན་སྡེ། སློབ་གྲྭ བུ་བཅོལ་ཁང་བཅས་སུ་སྐོར་བསྐྱོད་དང་མཐར་ས་གནས་འགོ་འཛིན་ལས་ཁང་དུ་དེ་ཉིན་གྱི་སྐོར་བསྐྱོད་མཇུག་སྒྲིལ་ཞུས། གཞིས་གྲོང་དང་སྡེ་ཚན་ཁག་ལ་སྐོར་བསྐྱོད་སྐབས་བདེན་པའི་མེ་ལྕེར་ཕེབས་བསུ་གཟབ་རྒྱས་ཞུས་གནང་ཡོད།

རྒྱ་གར་ལྷོ་ཕྱོགས་ཀྱི་བདེན་པའི་མེ་ལྕེ་ཧུན་སུར་དུ་སྐོར་བསྐྱོད་ལེགས་གྲུབ་བྱུང་བ།རྒྱ་གར་ལྷོ་ཕྱོགས་ཀྱི་བདེན་པའི་མེ་ལྕེ་ཧུན་སུར་དུ་སྐོར་བསྐྱོད་ལེགས་གྲུབ་བྱུང་བ།རྒྱ་གར་ལྷོ་ཕྱོགས་ཀྱི་བདེན་པའི་མེ་ལྕེ་ཧུན་སུར་དུ་སྐོར་བསྐྱོད་ལེགས་གྲུབ་བྱུང་བ།རྒྱ་གར་ལྷོ་ཕྱོགས་ཀྱི་བདེན་པའི་མེ་ལྕེ་ཧུན་སུར་དུ་སྐོར་བསྐྱོད་ལེགས་གྲུབ་བྱུང་བ།

ཕྱི་ཚེས་ ༢ ཞོགས་ཆུ་ཚོད་ ༨།༣༠ ཐོག་སླར་ཡང་གཞིས་ཆགས་ནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་འགོ་བཙུགས་ཞུས་ཏེ། ཧུན་སུར་གྲོང་ཁྱེར་ཚོགས་ཁང་ནང་མཛད་སྒོ་དངོས་གཞི་འཚོགས་པ་དང་། སྐབས་དེར་སྐུ་མགྲོན་གཙོ་བོ་གྲོང་ཁྱེར་གྱི་འགོ་གཙོ་སྐུ་ཞབས་ S.M. Loknath ལགས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་གྱི་གསུང་བཤད་གནང་བས་མ་ཟད། ཁོང་ལ་ཕུལ་བའི་བོད་དོན་ཞུ་སྙན་དེ་བཞིན་རྒྱ་གར་གྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་འབུལ་རྒྱུའི་ཞལ་བཞེས་ཀྱང་གནང་ཡོད་པ་རེད། སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས་ནས་ཡུལ་སྐད་ཐོག་སྤྱི་ལྷན་གྱི་གསར་འགོད་གསལ་བསྒྲགས་སྙན་སྒྲོན་དང་། བོད་དོན་གཏམ་བཤད་ཀྱང་གནང་ཡོད་པ་རེད། ད་དུང་ས་གནས་འཕགས་བོད་མཛའ་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Mr. Santosh ལགས་ནས་ལས་འགུལ་ནང་མཉམ་བཞུགས་དང་བོད་དོན་གཏམ་བཤད་ཀྱང་གནང་ཡོད་པ་རེད་འདུག མཛད་སྒོ་གྲུབ་མཚམས་གྲོང་ཁྱེར་ནང་ཞི་བའི་སྐོར་བསྐྱོད་བྱས་ཡོད་པ་དང་། ས་གནས་མང་ཚོགས་དང་བརྒྱུད་ལམ་ཁག་ནས་ཐུགས་སྣང་ཤུགས་ཆེ་གནང་ཡོད་པ་མ་ཟད། ཕྱི་ཉིན་བརྒྱུད་ལམ་མང་པོའི་ནང་གནས་ཚུལ་ཐོན་ཐུབ་པ་བྱུང་ཡོད་པ་རེད།

རྒྱ་གར་ལྷོ་ཕྱོགས་ཀྱི་བདེན་པའི་མེ་ལྕེ་ཧུན་སུར་དུ་སྐོར་བསྐྱོད་ལེགས་གྲུབ་བྱུང་བ།རྒྱ་གར་ལྷོ་ཕྱོགས་ཀྱི་བདེན་པའི་མེ་ལྕེ་ཧུན་སུར་དུ་སྐོར་བསྐྱོད་ལེགས་གྲུབ་བྱུང་བ།

ཉིན་རྒྱབ་ཉེ་འཁྲིས་ K. R. Nagar གྲོང་ཁྱེར་ནང་སྐོར་བསྐྱོད་བྱས་པ་དང་། སྐབས་དེར་གོང་བཞིན་མཛད་སྒོ་འཚོགས་ཡོད་ལ། ས་གནས་གྲོང་ཁྱེར་འགོ་གཙོ་སྐུ་ཞབས་ B. Natesh ལགས་ལས་འགུལ་ནང་ལྷན་བཞུགས་གནང་བ་དང་བོད་དོན་རྒྱབ་སྐྱོར་སྐོར་གསུང་བཤད་ཤུགས་ཆེ་གནང་ཡོད་པ་རེད། དེ་ཉིན་གྱི་སྐོར་བསྐྱོད་གྲུབ་པ་དང་དགོང་དྲོ་ཆུ་ཚོད་ ༦ ཙམ་ལ་གཞིས་ཆགས་སུ་ཕྱིར་སློག་གནང་ཡོད་པ་རེད།

ད་རེས་ཧུན་སུར་ཁུལ་གྱི་སྐོར་བསྐྱོད་དེ་བཞིན་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས་དང་། ས་འགོ་ཡེ་ཤེས་ཆོས་སྒྲོན་ལགས་གཉིས་ཀྱིས་སྣེ་འཁྲིད་འོག་ས་གནས་འཐུས་ཚོགས་དང་། ས་གནས་རང་བདེན་ཚོགས་ཆུང་། ས་གནས་གཞོན་ལྷན། ས་གནས་བུད་མེད། ས་གནས་མཉམ་སྦྲེལ། དགོན་སྡེ་ཁག་བཅས་ནས་འགན་འཁུར་བཞེས་གནང་ཡོད་པ་མ་ཟད། གཞིས་མི་སེར་སྐྱ་མང་ཚོགས་ནས་མཉམ་བཞུགས་ཤུགས་ཆེ་གནང་ཡོད་པ་རེད། དེ་རིང་ཞོགས་པ་ཧུན་སུར་ནས་ཐོན་ཏེ་ཀོ་ལི་གྷལ་དོན་གླིང་གཞིས་ཆགས་སུ་བདེན་པའི་མེ་ལྕེ་རྩིས་སྤྲོད་ཞུས་ཡོད་པ་རེད་འདུག

Menu