རྒྱ་གར་གཞུང་གི་དམག་མའི་འགོ་བྱེད་ཟུར་པ་ཞིག་གྲོས་ཚོགས་སུ་ཕེབས་པ།

ཉེ་ཆར་རྒྱ་གར་གཞུང་གི་དམག་མིའི་འགོ་བྱེད་ཟུར་པ་(Bharat Verma) མཆོག་དྷ་སར་ཆིབས་བསྒྱུར་གྱིས་ཕྱི་ཚེས་ ༢༣ ཉིན་དཔལ་ལྡན་ཚོགས་གཙོ་མཆོག་དང་མཇལ་འཕྲད་གནང་ཡོད་པ་མ་ཟད། དེ་རྗེས་གྲོས་ཚོགས་སུ་ཟུར་ཉན་དུ་ཕེབས་ཡོད་པ་རེད། སྐབས་དེར་ཚོགས་གཙོ་མཆོག་གིས་ཁོང་གི་ལོ་རྒྱུས་སྙིང་བསྡུས་ཤིག་ངོ་སྤྲོད་དང་སྦྲགས་གྲོས་ཚོགས་སུ་ཕེབས་པར་དགའ་བསུ་ཞུས་ཡོད་པ་རེད།

དགོང་དྲོ་ཕྱག་ཚོད་ ༥ པ་ནས་སྐར་མ་ ༢༠ ཙམ་གྱི་རིང་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ་སྤྱི་འཐུས་རྣམ་པ་དབུས་གཞུང་ཞབས་སྲི་ཞུ་བ་མི་ཉུང་བ་ཞིག་ཆེད་ཕེབས་གནང་ཡོད་པ་དང་། སྐབས་དེར་ཁོང་གིས་རྒྱ་གར་དང་བོད་གཉིས་ནི་ལོ་རྒྱུས་ཐོག་རིག་གཞུང་དང་བལྟ་གྲུབ་སྣ་མང་གིས་ཕྱུག་པ་མ་ཟད། ལོ་ངོ་བརྒྱ་ཕྲག་རིང་སྤྱི་ཚོགས་ཞི་བདེའི་ངང་གནས་ཐུབ་པ་བྱུང་ཡོད་སྐོར་སོགས་དང་། གཞན་ཡང་རྒྱ་ནག་དམར་གཞུང་གིས་བོད་རྒྱལ་ཁབ་ལ་བཙོན་འཛུལ་བྱས་པ་ནས་བཟུང་ད་ལྟའི་རྒྱ་དཀར་ནག་གི་ས་མཚམས་ཁག་གི་གནས་བབ་དང་། དེ་བཞིན་རྒྱ་གར་དང་པ་ཀི་སི་ཐན་སོགས་ཀྱི་ས་མཚམས་ཀྱི་དཀའ་ངལ་བཅས་ཀྱི་སྐོར་གསུང་བཤད་གནང་སྙིང་བསྡུས་ཤིག་གནང་ཡོད་པ་དང་། དེ་རྗེས་དྲི་བ་དྲིས་ལན་ཡང་གནང་ཡོད་པ་རེད།