ཡུ་རོབ་དང་ཨ་ཕི་རི་ཀ་ཁུལ་གྱི་བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་སྣེ་འཁྲིད་པའི་སི་པན་བོད་ཁང་གི་ཚོགས་མི་ཁག་ཅིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།

༄༅། །ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༧ ཚེས་ ༢༨ ཉིན་ཡུ་རོབ་དང་ཨ་ཕི་རི་ཀ་ཁུལ་གྱི་བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་སྣེ་འཁྲིད་པའི་སི་པན་བོད་ཁང་གི་ཚོགས་མི་ ༡༡ ཙམ་ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཕེབས་བསུའི་འཚམས་འདྲི་དང་མཇལ་འཕྲད་གནང་ཡོད།   དེ་རྗེས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གདན་ཞུས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། དེ་བཞིན་ལས་དོན་བྱེད་ཕྱོགས་སོགས་ཀྱི་ཐོག་འགྲེལ་བརྗོད་གནང་བ་མ་ཟད་ཁོང་རྣམ་པའི་དྲི་བར་ལན་འདེབས་ཀྱང་གནང་ཡོད་པ་བཅས་ཀྱི་གནས་ཚུལ་དུ།།