བྱང་ཕྱོགས་ཀྱི་བདེན་པའི་མེ་ལྕེ་ཌལ་ཧོར་ནས་རྡ་སར་རྩིས་སྤྲོད་གནང་བ།

བྱང་ཕྱོགས་ཀྱི་བདེན་པའི་མེ་ལྕེ་ཌལ་ཧོར་ནས་རྡ་སར་རྩིས་སྤྲོད་གནང་བ།བྱང་ཕྱོགས་ཀྱི་བདེན་པའི་མེ་ལྕེ་ཌལ་ཧོར་ནས་རྡ་སར་རྩིས་སྤྲོད་གནང་བ།
བྱང་ཕྱོགས་ཀྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ཌལ་ཧོར་དུ་ལེགས་པར་གྲུབ་པ་ནས་ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༤ ཉིན་རྡ་ས་ས་གནས་འགོ་འཛིན་ལ་ཀང་ར་རྫོང་ཁོངས་ནུར་པུར་དུ་རྡ་ས་ས་གནས་འགོ་འཛིན་དབུས་པའི་རྡ་ས་གནས་ཀྱི་ཚོགས་སྐྱིད་ཁག་ ༡༡ དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་ནས་རྩིས་ལེན་ཞུས་འདུག དེ་ཡང་དེའི་སྐབས་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་དང། ལས་བྱེད། ཡུལ་མི་ ༡༠༠ ལྷག་དེར་འདུ་འཛོམས་ཀྱིས་རྩིས་ལེན་གྱི་མཛད་སྒོ་ཞིག་ཀྱང་གནང་འདུག་ཅིང། མཛད་སྒོ་དེའི་སྐབས་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་རཱ་ཀེཤ་པ་ཋ་ནི་ཡ་ (Rakesh Pathania) མཆོག་ནས་བོད་ནང་ཛ་དྲག་གི་གནས་ཚུལ་བྱུང་དང་འབྱུང་བཞིན་པ་དངོས་འབྲེལ་ཡིན་པ་དང། ནུར་པུར་ས་གནས་མི་མང་ནས་མཉམ་ཞུགས་གནང་བར་དགའ་བསུ་ཡོད་སྐོར་དང། བོད་ཀྱི་ཛ་དྲག་གི་གནས་ཚུལ་དེའི་ཐོག་རྒྱ་གར་བ་ཡོངས་ནས་རྒྱབ་སྐྱོར་བྱེད་དགོས་པ་སོགས་ཀྱི་འབོད་སྐུལ་གནང།
བྱང་ཕྱོགས་ཀྱི་བདེན་པའི་མེ་ལྕེ་ཌལ་ཧོར་ནས་རྡ་སར་རྩིས་སྤྲོད་གནང་བ།བྱང་ཕྱོགས་ཀྱི་བདེན་པའི་མེ་ལྕེ་ཌལ་ཧོར་ནས་རྡ་སར་རྩིས་སྤྲོད་གནང་བ།
ནུར་པུར་ནས་རྡ་ས་ཚོགས་སྐྱིད་ཁག་གི་འཐུས་མི་ཚོས་བདེན་པའི་མེ་ལྕེ་སྐོ་བསྐྱོད་རྩིས་ལེན་གྱིས་ཆུ་ཚོད་ ༥ ཐོག་སཱ་རཱ་མཐོ་སློབ་ཀྱི་སློབ་སྤྱི་འཇམ་དཔལ་གྲགས་པ་ལགས་གཙོས་པའི་དགེ་སློབ་རྣམས་ནས་རྩིས་ལེན་ཞུས། དེ་ནས་རིམ་བཞིན་བདུན་གཅིག་གི་རིང་རྡ་ས་ཁུལ་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་འཆར་ཡིན་པ་དང། ཕྱི་ཚེས་ ༢༦ ཉིན་གཙུག་ལག་ཁང་གི་གསུང་ཆོས་ར་བར་གཞུང་འབྲེལ་མཛད་སྒོ་ཞིག་ཀྱང་གནང་འཆར་བཅས་ཀྱི་གསར་གནས་སུ། ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༥ ལ།།
བྱང་ཕྱོགས་ཀྱི་བདེན་པའི་མེ་ལྕེ་ཌལ་ཧོར་ནས་རྡ་སར་རྩིས་སྤྲོད་གནང་བ།བྱང་ཕྱོགས་ཀྱི་བདེན་པའི་མེ་ལྕེ་ཌལ་ཧོར་ནས་རྡ་སར་རྩིས་སྤྲོད་གནང་བ།

Menu