བྱང་ཕྱོགས་ཀྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་རྡ་ས་ཁུལ་དུ་འགྲོ་བཞིན་པ།

བྱང་ཕྱོགས་ཀྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་རྡ་ས་ཁུལ་དུ་འགྲོ་བཞིན་པ།བྱང་ཕྱོགས་ཀྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་རྡ་ས་ཁུལ་དུ་འགྲོ་བཞིན་པ།བྱང་ཕྱོགས་ཀྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་རྡ་ས་ཁུལ་དུ་འགྲོ་བཞིན་པ།བྱང་ཕྱོགས་ཀྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་རྡ་ས་ཁུལ་དུ་འགྲོ་བཞིན་པ།
དེ་ཡང་རྡ་ས་གནས་འགོ་འཛིན་ལས་ཁང་ནས་གནས་ཚུལ་མཁོ་སྤྲོད་གནང་དོན་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༧ ཞོགས་པ་ཆུ་ཚོད་ ༩་༣༠ ཐོག་རྩེ་རྣམ་རྒྱལ་གྲྭ་ཚང་གིས་རྡ་ས་རིགས་ལམ་སློབ་གྲྭའི་ཚོགས་ཁང་དུ་སློབ་ཕྲུག་བརྒྱ་སྐོར་དང་བཅས་མཛད་སྒོ་བསྡུས་པ་ཞིག་གནང་སྟེ་བརྒྱུད་སྤྲོད་གནང་འདུག དེའི་སྐབས་ས་གནས་འགོ་འཛིན་ནས་བདེན་པའི་མེ་ལྕེའི་ལས་འགུལ་གྱི་དགོས་དམིགས་སོགས་འགྲེལ་བརྗོད་གནང་འདུག དེ་ནས་ཆུ་ཚོད་ ༡༠་༣༠ ཐོག་རྡ་ས་རིགས་སློབ་འགན་འཛིན་སྤྱི་འཐུས་སྐལ་བཟང་དགྲ་འདུལ་ལགས་ནས་བཀའ་ཤག་ལ་བརྒྱུད་སྤྲོད་གནང་བ་དང་། དེ་ནས་རིམ་བཞིན་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་སོགས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ལ་བརྒྱུད་སྤྲོད་གནང་སྟེ་ས་རྟགས་བསྡུ་རུབ་གནང་འདུག ཕྱེད་ཡོལ་ཆུ་ཚོད་ ༡་༠༠ ཙམ་ལ་དགའ་གདོང་གྲྭ་ཚང་དང་དེ་ནས་བདེ་ལེགས་སྨན་ཁང་བརྒྱུད་དེ་དབུས་སྨན་རྩིས་ཁང་ལ་བརྒྱུད་སྤྲོད་གནང་བ་དང་། དེར་སྡེ་ཚན་སོ་སོའི་འགན་འཛིན་ནས་བདེན་པའི་མེ་ལྕེའི་ལས་འགུལ་དང་འབྲེལ་བའི་ངོ་སྤྲོད་མདོར་བསྡུས་རེ་གནང་འདུག ཕྱི་དྲོ་ཆུ་ཚོད་ ༦་༠༠ ཐོག་རྡ་ས་ས་གནས་འགོ་འཛིན་དང་། རྡ་ས་ས་གནས་གཞོན་ནུ། རྡ་ས་ས་གནས་བུད་མེད་བཅས་ནས་གོ་སྒྲིག་གནང་བའི་ཐོག་ཆབ་སྲིད་བཙོན་ཟུར་ཨ་མ་ཨ་རྡིས་སྣེ་འཁྲིད་ཀྱིས་མར་མེའི་ཁྲོམ་བསྐོར་དང་འབྲེལ་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་འདུག
བྱང་ཕྱོགས་ཀྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་རྡ་ས་ཁུལ་དུ་འགྲོ་བཞིན་པ།བྱང་ཕྱོགས་ཀྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་རྡ་ས་ཁུལ་དུ་འགྲོ་བཞིན་པ།བྱང་ཕྱོགས་ཀྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་རྡ་ས་ཁུལ་དུ་འགྲོ་བཞིན་པ།བྱང་ཕྱོགས་ཀྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་རྡ་ས་ཁུལ་དུ་འགྲོ་བཞིན་པ།

ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༨ ཉིན་དབུས་སྨན་རྩིས་ཁང་ནས་བདེན་པའི་མེ་ལྕེ་རྡ་ཤོད་ཁྲོམ་གཞུང་དུ་སྐོར་བསྐྱོད་དང་འབྲེལ་འཚེ་མེད་ཞི་བའི་ལས་འགུལ་ཁང་བརྒྱུད་ཕྱེད་ཡོལ་ཆུ་ཚོད་༡༢་༣༠ ཙམ་ལ་རྡ་ཤོད་བོད་ཁྱིམ་གྱི་སློབ་སྤྱི་མཆོག་ལ་བརྒྱུད་སྤྲོད་གནང་འདུག་པ་དང། ཆུ་ཚོད་༢་༠༠ ཐོག་རྡ་ཤོད་བོད་ཁྱིམ་གྱི་དགེ་ལས་སློབ་ཕྲུག་ཡོངས་ནས་བདེན་པའི་མེ་ལྕེར་སྣེ་བསུ་གཟབ་རྒྱས་གནང་བའི་ཐོག་མཛད་སྒོ་ཚོགས་པ་དང་དེར་ས་གནས་འགོ་འཛིན་མཆོག་ནས་ངོ་སྤྲོད་ཀྱང་གནང་འདུག་པ་དང་དེ་ནས་ས་རྟགས་བསྡུ་རུབ་གནང་འདུག
བྱང་ཕྱོགས་ཀྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་རྡ་ས་ཁུལ་དུ་འགྲོ་བཞིན་པ།བྱང་ཕྱོགས་ཀྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་རྡ་ས་ཁུལ་དུ་འགྲོ་བཞིན་པ།བྱང་ཕྱོགས་ཀྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་རྡ་ས་ཁུལ་དུ་འགྲོ་བཞིན་པ།བྱང་ཕྱོགས་ཀྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་རྡ་ས་ཁུལ་དུ་འགྲོ་བཞིན་པ།
ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༩ ཞོགས་པ་རྡ་ཤོད་བོད་ཁྱིམ་གྱི་སློབ་སྤྱི་དང་སློབ་ཕྲུག་བརྒྱ་སྐོར་ཞིག་ནས་བདེན་པའི་མེ་ལྕེ་དེ་བཞིན་ཤེས་རབ་དགའ་ཚལ་གླིང་སློབ་གྲྭ་དང། དབུས་སྣེ་ལེན་འབྲེལ་མཐུད་ཁང་གི་དྲུང་ཆེ་བཅས་ལ་བརྒྱུད་སྤྲོད་གནང་བ་དང་འབྲེལ་མཛད་སྒོའི་ཐོག་ས་གནས་འགོ་འཛིན་གྱིས་ངོ་སྤྲོད་དང་གསར་དུ་འབྱོར་བའི་དགེ་འདུན་པ་ཞིག་གིས་ཐོག་མའི་རང་ལུས་ཞུགས་མེར་བསྒྲོན་པའི་དོན་རྐྱེན་བཅས་ངོ་སྤྲོད་གནང་བའི་རྗེས་ས་རྟགས་བསྡུ་རུབ་དབུ་འཛུགས་གནང། ཉིན་གུང་ཆུ་ཚོད་ ༡༢་༠༠ ཙམ་ལ་ནོར་གླིང་བོད་མིའི་ཆིག་བསྒྲིལ་མཐུན་ཚོགས་ནས་སྦག་སྦག་ ༤༠ ཙམ་ཡོད་པར་བརྒྱུད་སྤྲོད་ཀྱིས་ཀང་ར་རྫོང་གི་ཁྲིམས་ཁང་ལ་སོགས་པར་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱིས་ནོར་གླིང་འཆི་མེད་དགའ་ཚལ་གླིང་དུ་ནོར་གླིང་ཁུལ་སྡོད་སྒྲོལ་མ་གླིང་གཙོས་པའི་བོད་མི་ ༡༠༠ ལྷག་འདུ་འཛོམས་ཀྱིས་ས་རྟགས་བསྡུ་རུབ་གནང་མགོ་བཙུགས་འདུག
སྙིང་སྟོབས་གླིང་དང་ནོར་བུ་གྱིང་ག་བཅས་ལ་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་བ།སྙིང་སྟོབས་གླིང་དང་ནོར་བུ་གྱིང་ག་བཅས་ལ་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་བ།སྙིང་སྟོབས་གླིང་དང་ནོར་བུ་གྱིང་གར་བདེན་པའི་མེ་ལྕེ་སྐོར་བསྐྱོད་བརྒྱུད་སྤྲོད་གནང་བ།སྙིང་སྟོབས་གླིང་དང་ནོར་བུ་གྱིང་གར་བདེན་པའི་མེ་ལྕེ་སྐོར་བསྐྱོད་བརྒྱུད་སྤྲོད་གནང་བ།
དེ་ནས་སྙིང་སྟོབས་གླིང་དང་དེའི་རྗེས་ནོར་གླིང་རིག་གཞུང་གཅེས་སྐྱོང་ཁང་ལ་བརྒྱུད་སྤྲོད་གནང་འདུག་པ་དང་། ཆུ་ཚོད་ ༧་༠༠ ཙམ་ལ་ནོར་གླིང་བོད་མིའི་ཆིལ་བསྒྲིལ་མཐུན་ཚོགས་ཀྱིས་གོ་སྒྲིག་འོག་མར་མེའི་ཁྲོམ་སྐོར་དང་འབྲེལ་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་འདུག་པ་བཅས་ཀྱི་གསར་གནས་སུ། ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༣༠ ལ།།
བྱང་ཕྱོགས་ཀྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་རྡ་ས་ཁུལ་དུ་འགྲོ་བཞིན་པ།བྱང་ཕྱོགས་ཀྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་རྡ་ས་ཁུལ་དུ་འགྲོ་བཞིན་པ།བྱང་ཕྱོགས་ཀྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་རྡ་ས་ཁུལ་དུ་འགྲོ་བཞིན་པ།བྱང་ཕྱོགས་ཀྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་རྡ་ས་ཁུལ་དུ་འགྲོ་བཞིན་པ།
བྱང་ཕྱོགས་ཀྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་རྡ་ས་ཁུལ་དུ་འགྲོ་བཞིན་པ།བྱང་ཕྱོགས་ཀྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་རྡ་ས་ཁུལ་དུ་འགྲོ་བཞིན་པ།བོད་གཞུང་ཟློས་གར་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད།བོད་གཞུང་ཟློས་གར་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་འབུལ་ལམ་ཞུ་རྒྱུའི་དྲ་ལམ་བརྒྱུད་ས་རྟགས་བསྡུ་འགོད་ཞུ་སའི་དྲ་ལམ་ཁ་བྱང་ནི།

Menu