བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་གར་བྷི་ཧར་དང་ཡུ་པི་མངའ་སྡེ་གཉིས་ཀྱི་ནང་བོད་དོན་ཞུ་སྐུལ་ཆེད་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བ།

༄༅། །སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་རྒྱ་གར་མངའ་སྡེ་ཁག་ནང་མངའ་སྡེའི་སྲིད་སྐྱོང་དང་། སྤྱི་ཁྱབ་བློན་ཆེན། གྲོས་ཚོགས་ཚོགས་གཙོ། མངའ་སྡེའི་གྲོས་ཚོགས་འཐུས་མི་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་རྒྱུའི་ལས་རིམ་ཡོད་པ་ལྟར། ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ནས་ ༡༧ བར་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་མཆོག་དང་། སྤྱི་འཐུས་དོན་གྲུབ་བཀྲ་ཤིས་མཆོག་རྣམ་གཉིས་རྒྱ་གར་བྷི་ཧར་ (Bihar) མངའ་སྡེ་དང་། ཡུ་པི་ (Uttar Pradesh) མངའ་སྡེ་གཉིས་ཀྱི་ནང་བོད་དོན་ཞུ་སྐུལ་ཆེད་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་ཡོད།

དེ་ཡང་སྤྱི་འཐུས་རྣམ་པ་ཕྱི་ཟླ་ ༡༠ ཚེས་ ཉིན་སོ་སོའི་བཞུགས་གནས་ནས་ལྡི་ལིར་ཕེབས་ཐོན་གནང་ཡོད་པ་དང་། ཕྱི་ཚེས་ ༡༠ ཉིན་ལྡི་ལི་ནས་བྷི་ཧར་མངའ་སྡེའི་རྒྱལ་ས་པཊ་ན་ལ་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༡༡ ནས་ ༡༣ བར་ས་གནས་སུ་བོད་དོན་ཞུ་སྐུལ་གནང་རྒྱུ།  ཕྱི་ཚེས་ ༡༤ ནས་ ༡༦ བར་ཡུ་པི་མངའ་སྡེའི་རྒྱལ་ས་ལག་ནའོ་ནང་བོད་དོན་ཞུ་སྐུལ་གནང་རྒྱུ། ཕྱི་ཚེས་ ༡༧ ཉིན་སོ་སོའི་བཞུགས་གནས་སུ་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས།