བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དཔལ་ལྡན་ཚོགས་གཙོ་མཆོག་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་བ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༣ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཀུ་ལུ་སྤང་དགོན་རི་ཁྲོད་དགོན་པའི་སློབ་གྲྭ་གསར་འཛུགས་ཀྱི་དབུ་འབྱེད་མཛད་སྒོར་གདན་ཞུས་ལྟར་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད།  དེ་ཡང་དཔལ་ལྡན་ཚོགས་གཙོ་མཆོག་ཟླ་འདིའི་ཕྱི་ཚེས་ ༣ ཉིན་རྡ་ས་ནས་ཕེབས་ཐོན་གྱིས་ཕྱི་ཚེས་ ༤ ཉིན་སློབ་གྲྭ་དབུ་འབྱེད་གནང་རྒྱུའི་མཛད་འཆར། ཕྱི་ཚེས་ ༥ ཉིན་ཀུ་ལུ་ནས་རྡ་སར་ཕྱིར་ཕེབས་གནང་རྒྱུ་བཅས།