བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དཔལ་ལྡན་ཚོགས་གཙོ་མཆོག་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་ཁེལ་བ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༢ ནས་ ༡༣ བར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ལུ་དྷི་ཡ་ནར་རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་དམིགས་བསལ་ཚོགས་ཆེན་ཐེངས་དང་པོའི་མཇུག་སྡོམ་མཛད་སྒོའི་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་ཡོད།  དེ་ཡང་དཔལ་ལྡན་ཚོགས་གཙོ་མཆོག་ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་གུང་ཙམ་ལ་རྡ་ས་ནས་ལུ་དྷི་ཡ་ན་ས་གནས་སུ་ཕེབས་ཐོན་གྱིས་ཕྱི་ཚེས་ ༡༣ ཉིན་རྒྱ་གར་རྒྱལ་ཡོངས་བཙན་བྱོལ་བོད་མིའི་ཚོང་པ་ཚོགས་པའི་དམིགས་བསལ་ཚོགས་ཆེན་ཐེངས་དང་པོའི་མཇུག་སྡོམ་མཛད་སྒོར་གྲུབ་མཚམས་ལུ་དྷི་ཡ་ན་ནས་རྡ་སར་ཕེབས་འབྱོར་གནང་རྒྱུ་བཅས།