བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དཔལ་ལྡན་ཚོགས་གཞོན་མཆོག་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་བ།

ཟླ་བ་ ༤ ཚེས་ ༡༠ ཉིན་རྒྱ་གར་སྲིད་བློན་ཟུར་པ་སྐུ་ཞབས་མོ་རར་ཇི་རྡེ་སིའི་( Morarji Desai) དྲན་རྟེན་ཉིན་མོའི་ཐོག་རྒྱ་གར་མངའ་སྡེ་སྦི་ཧར་ནང་གི་ས་གནས་མུ་ཛ་ཧྥར་པུར་(Muzaffarpur)ནང་ཡོད་པའི་མཐོ་སློབ་ཅིག་གི་ནང་གསུང་བཤད་གནང་རྒྱུར་གདན་ཞུས་ལྟར། དཔལ་ལྡན་ཚོགས་གཞོན་མཆོག་འདི་ཟླའི་ཚེས་ ༨ ཉིན་རྡ་ས་ནས་ཐོན་ཏེ་ཚེས་ ༡༠ ལ་བོད་དང་བོད་མིའི་གནས་སྟངས་ཀྱི་བརྗོད་གཞིའི་ཐོག་འདི་གའི་མཐོ་སློབ་ནང་གསུང་བཤད་གནང་རྒྱུ་དང་གནད་ཡོད་མི་སྣ་ཁག་མཇལ་འཕྲད་གནང་རྒྱུ་བཅས་ཀྱི་གནས་ཚུལ་དུ།