བོད་མི་མང་སྤྱི་འཐུས་འཐུས་ཨཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། སྤྱི་འཐུས་བསོད་ནམས་རྒྱལ་མཚན་མཆོག་རྣམ་གཉིས་ལ་དྭགས་སོགས་སུ་སྤྱི་ལྷན་གྱི་ས་བགོས་ལྟར་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

 

 

བོད་མི་མང་སྤྱི་འཐུས་བསོད་ནམས་རྒྱལ་མཚན་མཆོག་དང་། སྤྱི་འཐུས་ཨཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་

རྣམ་གཉིས་སྤྱི་ལྷན་གྱི་ས་བགོས་ལྟར་ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༢༢ ཉིན་ལ་དྭགས་སླེ་རུ་འབྱོར་ཏེ་དེ་ཉིན་

ས་གནས་གནད་ཡོད་མི་སྣ་སྐུ་ཞབས་ཚེ་རིང་བསམ་འཕེལ་ལགས་དང་། སྐུ་ཞབས་རིན་ཆེན་དཔལ་འབར་

ལགས། སྐུ་ཞབས་ཐུབ་བསྟན་ཚེ་དབང་ལགས། སྐུ་ཞབས་དོན་གྲུབ་ལགས་བཅས་དང་མཇལ་འཕྲད་ཞུས་པ་

དང་ཆབས་ཅིག  ད་ཕན་ས་གནས་བོད་མི་རྣམས་ལ་རོགས་ཕན་གནང་བར་ཐུགས་རྗེ་ཆེ་ཞུའི་འཚམས་འདྲི་

དང་སྦྲགས།  འབྱུང་འགྱུར་ཡང་མུ་མཐུད་མཐུན་འགྱུར་རོགས་སྐྱོར་གང་ལེགས་གནང་རོགས་ཞེས་འབོད་

སྐུལ་ཞུས་པ་དང་ཆབས་ཅིག  བོད་དོན་དང་འབྲེལ་བའི་དཔེ་དེབ་ཁག་ཅིག་ཀྱང་ཕུལ་ཡོད་པ་རེད།

ཕྱི་ཚེས་ ༢༣ ཉིན་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཨིན་རྡི་ཤས་མཆོག་དང་། གཞན་ཡང་གནད་ཡོད་མི་སྣ་

ཁག་ཅིག་ལ་དྭགས་སེང་གེ་ཁ་བབ་དུས་སྟོན་གྱི་མཛད་རིམ་སླད་ཕེབས་ཡོད་པས་ཁོང་རྣམས་ལ་སྣེ་ལེན་

འཚམས་འདྲི་ཞུས།  ཕྱི་ཚེས་ ༢༤ ཉིན་སླེ་མགྲོན་ཁང་དུ་སྐུ་ཞབས་ཨིན་ཌ་ཤས་མཆོག་དང་། རྒྱ་གར་འབྲེལ་

ཡོད་མི་སྣ་ཁག་ཅིག་དང་ལྷན་འཛོམས་གནང་། ཕྱི་ཚེས་ ༢༦ ཉིན་མངའ་སྡེའི་བློན་ཆེན་སྐུ་ཞབས་རིག་

འཛིན་འབྱོར་བ་མཆོག་དང་། བློན་ཆེན་སྐུ་ཞབས་ཕོ་རྡོ་ཁན་མཆོག་རྣམ་གཉིས་སར་མངའ་སྡེའི་ལས་ཁུངས་

སུ་མཇལ་བཅར་གྱིས་འཚམས་ཞུ་དང་སྦྲགས་ས་གནས་བོད་རིགས་མི་མང་གི་དཀའ་ངལ་ཁག་སྙན་སེང་

ཞུས། ཕྱི་དྲོ་རྒྱ་གར་དབུས་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཧ་སན་ཁན་མཆོག་དང་ས་

གནས་བོད་མིའི་སྐུ་ཚབ་ལྷན་མཇལ་འཕྲད་གནང་ཡོད་པ་རེད།

 

 

ཕྱི་ཚེས་ ༣༠ ཉིན་སྐུ་ཞབས་རྭ་མེ་ཤ་པ་པ་མཆོག་གཙོས་རྗ་མུའུ་མངའ་སྡེའི་ནང་རྒྱ་གར་རྒྱལ་ཡོངས་སྤྱི་

ཚོགས་ཞབས་ཞུ་ (REE) གི་གནད་ཡོད་མི་སྣ་བཅུ་དང་དམིགས་བསལ་ལྷན་ཚོགས་ཐོག་ད་ལྟའི་བོད་

ཀྱི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་། བོད་དོན་ཞུ་གཏུག་ལས་འགུལ་གྱི་སྐོར་གསལ་ཞུ་གནང་། ཁོང་

རྣམས་ནས་བཙན་བྱོལ་བོད་མིའི་ལས་འགུལ་སྤེལ་སྟངས་ཐོག་དགོངས་ཚུལ་གསུངས་གནང་བ་དང་།

རྒྱ་གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས་སྐོར་བཀའ་འདྲི་གནང་ཁག་ལ་གསལ་བཤད་གནང་། ཁོང་

རྣམས་ནས་བོད་དོན་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་འབྱུང་འགྱུར་ཡང་མུ་མཐུད་

རོགས་སྐྱོར་གནང་རོགས་ཞེས་འབོད་སྐུལ་གནང་ཡོད་པ་རེད།

ཐེངས་འདིར་སྤྱི་འཐུས་རྣམ་གཉིས་ནས་ལ་དྭགས་བྱང་ཕྱོགས་ཀྱི་ས་གནས་ཁག་ ༢༡ གཙོས་ཀར་གྷིལ་

དང་། ཤྲི་ན་སྒར་བཅས་སུ་མི་མང་དང་ལྷན་འཛོམས་ཁག་བཅོ་ལྔ་དང་། གཞིས་སྐེམ་གཙོས་ས་ཁུལ་ཁག་

ཉེར་ལྔར་གཟིགས་ཞིབ་ཐོག་མི་མང་ཐུག་འཕྲད་གནང་ཁག་ ༣༠ ཙམ་དང་། དེ་བཞིན་མངའ་སྡེ་རྫོང་གི་

དཔོན་རིགས་ཁག་བརྒྱད་ལྷག་དང་མཇལ་འཕྲད་ཞུས་ཡོད་པ་རེད།

Menu