བོད་མི་མང་སྤྱི་འཐུས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་བཞི་པའི་གྲུབ་དོན་སྙན་ཐོ།

༡༽ ཚོགས་ཆུང་བསྐོ་འཛུགས།

དཔལ་ལྡན་བོད་མི་མང་སྤྱི་འཐུས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་ བརྒྱད་པའི་གྲོས་ཆོད་ཡིག་ཆ་ཨང་     ༢༩ དགོངས་དོན་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་བཀོད་ཁྱབ་ཨང་ ༡༨།༢༠༠༩།༢༧༢༡ ཕྱི་ལོ་ ༢༠༠༩།༩།༢༩ འཁོད་ཕེབས་དོན་བོད་མི་མང་སྤྱི་འཐུས་སྐབས་ ༡༤ པའི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་གྲོས་ཆོད་ཡིག་ཆ་ཨང་ ༢༩ དགོངས་དོན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ ཕྱོགས་ཀྱི་སྒྲིག་གཞི་དུམ་བུ་གཉིས་པའི་དོན་ཚན་ ༡༢༠།༡༢༡ ནང་གསལ་རྩིས་ཞིབ་སྙན་ཐོ་ཁག་ལ་ཞིབ་འཇུག་མཇུག་སྐྱོང་དུས་ཐོག་ཞིབ་ཚགས་ཡོང་ཆེད་ དུ། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་ཞིག་བསྐོ་འཛུགས་དགོས་པ་ལྟར་ཚོགས་ཆུང་གི་མི་ འགྲོར།
༡༽    སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་དང༌།
༢༽    སྤྱི་འཐུས་བསོད་ནམས་དགྲ་འདུལ།
༣༽    སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན།
༤༽    སྤྱི་འཐུས་སློབ་དཔོན་བསོད་ནམས་བསྟན་འཕེལ།
༥༽    སྤྱི་འཐུས་ག་ཟི་དགེ་བཤེས་ཚེ་རིང་པོ་བཅས་ལ་དམིགས་འཛུགས་བསྐོ་གཞག་ཞུས་ཤིང༌།     ཚོགས་ཆུང་ནས་སྒྲིག་གཞིའི་དགོངས་དོན་ཞུ་སྒོའི་ལས་དོན་འཕྲལ་ལ་འགོ་འཛུགས་དང༌། བཙན་བྱོལ་བོད་གཞུང་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༠༧་་་༠༨ བར་གྱི་རྩིས་ཞིབ་སྙན་ཐོའི་ལན་འདེབས་ཁག་ལ་མཇུག་གནོན་ཞིབ་འཇུག་ཚགས་ཚུད་ལེགས་ པར་མཇུག་བསྒྲིལ་གནང་སྟེ་གྲུབ་དོན་སྙན་ཐོ་གྲོས་ཚོགས་ཚོགས་དུས་ ༡༠ པར་འགོད་འབུལ་ཟིན་པ་དགོས་རྒྱུར་འཁུར་བསྐྱེད་གནང་གལ་བཅས་དགོངས་འཇགས་ཞུ། ཞེས་ཕེབས་དོན་ལྟར་ཚོགས་ཆུང་གི་ཚོགས་མི་རྣམས་ཕྱི་ལོ་ ༢༠༠༩།༡༠།༦ ཉིན་ལྷན་འཛོམས་ཐོག་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་ དང༌། ཚོགས་དྲུང་སྤྱི་འཐུས་སློབ་དཔོན་བསོད་ནམས་བསྟན་འཕེལ་བཅས་ལ་གཏན་འཁེལ་ཞུས།

༢༽ གྲུབ་དོན་སྙན་ཐོ་གྲོས་ཚོགས་ཚོགས་དུས་ ༡༡ བར་དུས་འགྱངས་ཆགས་སྐོར།

ཚོགས་ ཆུང་གི་ལས་དོན་ཞུ་དགོས་གཙོ་བོ་རང་གཞུང་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༠༧་་་༠༨ ལོའི་རྩིས་ཞིབ་སྙན་ཐོ་དང་དེ་དག་གི་ལན་འདེབས་ཁག་ལ་ཞིབ་འཇུག་བྱ་དགོས་ལྟར༌། ཚོགས་དྲུང་ལས་ཁུངས་སུ་དེ་འབྲེལ་རྩིས་སྙན་དང་དེ་དག་གི་ལན་འདེབས་གནང་འབྱོར་ ཇི་བྱུང་ཁག་དང༌། རྩིས་ཞིབ་སྤྱི་ཁྱབ་ལས་ཁང་ལ་རྩིས་ལོ་ ༢༠༠༧་་་༠༨ ལོའི་རྩིས་ཞིབ་ཟིན་པའི་ཐོ་གཞུང་ཁག་གང་མགྱོགས་ཚོགས་ཆུང་ལ་གནང་སྐྱོང་ཡོང་བ་ ཞུས་དོན་བཞིན། འབྲེལ་ཡོད་ཁག་ནས་ཕྱི་ལོ་ ༢༠༡༠།༡།༥ བར་རིམ་འབྱོར་བྱུང་ཞིང༌། ཚོགས་དྲུང་ལས་ཁུངས་བརྒྱུད་ཚོགས་ཆུང་དུ་གནང་འབྱོར་བྱུང་བའི་རྩིས་སྙན་དང་ རྩིས་སྙན་ལན་འདེབས་ཁག་ཕལ་མོ་ཆེ་རྩིས་ལོ་ ༢༠༠༤་་་༠༥། ༢༠༠༥་་་༠༦། ༢༠༠༦་་་༠༧། བཅས་ཡིན་འདུག་པས་ཚོགས་ཆུང་གི་ཞིབ་འཇུག་ཞུ་དགོས་ཀྱིས་རྩིས་ལོའི་རྩིས་སྙན་དང་ འབྲེལ་བ་ཆགས་མིན་ལ་བརྟེན། རྩིས་ཞིབ་ལས་ཁུངས་ནས་ ༢༠༠༧་་་༠༨ ལོའི་རྩིས་ཞིབ་གྲུབ་པའི་ཐོ་གཞུང་ལ་ཞིབ་བསྡུར་གྱིས་རྩིས་ལོ་ ༢༠༠༧་་་༠༨ ལོའི་རྩིས་སྙན་དང་རྩིས་སྙན་ལན་འདེབས་འབྱོར་བསྡད་ཡོད་པ་ལས་ཁུངས་སམ་སྡེ་ཚན་ གྲངས་ ༨༡ བཅས་ལ་ཕྱི་ལོ་ ༢༠༡༠།༣།༣༡ འགྱངས་མེད་ཚོགས་ཆུང་དུ་གནང་འབྱོར་དགོས་རྒྱུའི་ཡིག་ཆུང་བཏང་རྗེས་གནང་འབྱོར་ བྱུང་བ་དང༌།  ཚོགས་ཆུང་གི་ལས་དུས་ནང་སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་ ༢༠༠༩ ཟླ་ ༡༠ ཚེས་ ༡༩ ནས་ཟླ་ ༡༡ ཚེས་ ༢༢ བར་སྤྱི་འཐུས་ས་བགོས་ལྟར་བོད་མི་འདུ་སྡོད་དང༌། སུད་ཚོང་ས་ཁག་ལ་གཞུང་འབྲེལ་ཕྱོགས་བསྐྱོད་དང༌། ཡང་སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང་དང༌། སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་གཉིས་རྩིས་ཞིབ་སྤྱི་ཁྱབ་ལས་ཁང་གི་ རྩིས་ཁྲར་རྩིས་ཞིབ་བྱེད་པོའི་ཚོགས་ཆུང་གི་ལས་དོན་ཕྱི་ལོ་ ༢༠༡༠།༤།༢༠ བར་མཇུག་བསྒྲིལ་མ་ཟིན་བར་ཞུ་དགོས་བཅས་ལ་བརྟེན།     རང་གཞུང་ལས་ཁུངས་མ་ལག་དང་བཅས་པའི་རྩིས་སྙན་དང་དེ་དག་གི་ལན་འདེབས་ལ་ཞིབ་ འཇུག་གི་ལས་དོན་དངོས་སུ་ཕྱི་ལོ་ ༢༠༡༠།༤།༥ ནས་འགོ་འཛུགས་བྱས། རྩིས་ལོ་ ༢༠༠༧་་་༠༨ ཡི་རྩིས་ཞིབ་གྲུབ་པའི་སྡེ་ཚན་གྲངས་ ༡༦༠ ཡི་རྩིས་ཞིབ་སྙན་ཐོ་དང་དེ་དག་གི་ལན་འདེབས་ལ་ཞིབ་འཇུག་ཞ྄ུས་འབྲས་ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༩ བར།
དང་པོ། ཚོགས་ཆུང་ནས་ཞིབ་འཇུག་ཞུས་ཟིན་ཁོངས་ནས་དོགས་འདྲི་གྲངས་ ༢༣༩ སོང་ཡོད་པ་ཁག་ཅིག་ལ་ལན་འདེབས་འབྱོར་བསྡད་དང༌། ལན་འདེབས་འབྱོར་ཟིན་པ་བཅས་ལའང་ཞིབ་འཇུག་ཞུ་བསྡད།
གཉིས་པ། བཙན་བྱོལ་བོད་གཞུང་གི་དབུས་ལས་ཁུངས་ཁག་གི་རྒྱུན་གྲོན། དམིགས་བསལ། ངེས་ཅན་འགྲོ་གྲོན། ཡོང་འབབ་བཅས་ཀྱི་ཕྱོགས་བསྡོམས་སྔོན་རྩིས་ཀྱི་རྩིས་སྙན་ལ་མང་ཚོགས་རྩིས་ཁྲའི་ ཚོགས་ཆུང་སྐབས་གཉིས་པ་དང༌། གསུམ་པ་གཉིས་ནས་ཞིབ་འཇུག་གནང་མི་འདུག་པ་དེར་རྩིས་ལོ་ ༢༠༠༧་་་༠༨ རྩིས་སྙན་རིམ་གསོག་གིས་རྩིས་སྙན་ཤོག་གྲངས་ ༡༦༣ ཡོད་པ་ནང་རྩིས་རྙིང་དང་རྙོག་འཛིང་མང་བས་དུས་འགོར་ཧ་ཅང་ཆེ་བ་བྱུང༌།
གསུམ་ པ། ནང་སྲིད་ལས་ཁུངས་ཁྱབ་ཁོངས་དང་བཅས་པའི་སྡེ་ཚན་གྲངས་ ༡༧ དང༌། འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་དང་བཅས་པའི་སྡེ་ཚན་གྲངས་ ༥། དཔལ་འབྱོར་ལས་ཁུངས་ཁྱབ་ཁོངས་དང་བཅས་པའི་སྡེ་ཚན་གྲངས་ ༣། བདེ་སྲུང་ལས་ཁུངས་ཁྱབ་ཁོངས་དང་བཅས་པའི་སྡེ་ཚན་གྲངས་ ༢། ཕ་རན་སི་དང་སྦར་སིལ་སྐུ་ཚབ་དོན་གཅོད་བཅས་ལ་ཞིབ་འཇུག་བྱ་བསྡད་ཡོད་པ།
བཞི་ པ། ཚོགས་ཆུང་གི་ཚོགས་མི་རྣམས་སྦེལ་ཀོབ་ཏུ་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ ཐེངས་དང་པོ་བཅར་དགོས་ཀྱིས་ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༢༠ ནས་ཚོགས་ཆུང་གི་ལས་མཚམས་འཇོག་དགོས་བཅས་ཀྱི་གནས་སྟངས་འོག ཚོགས་ཆུང་གི་གྲུབ་དོན་སྙན་ཐོ་བཀོད་ཁྱབ་དགོངས་དོན་གྲོས་ཚོགས་ཚོགས་དུས་ ༡༠ པར་སྙན་འབུལ་མི་ཐུབ་པའི་གནས་སྟངས་ཚོགས་གཙོ་སྦྲེལ་པོར་སྙན་སེང་གིས་གྲོས་ ཚོགས་སུ་ལས་བསྡོམས་སྙིང་བསྡུས་སྙན་འབུལ་ཞུས་པས་རྗེས་འབྲེལ་གཞུང་འབྲེལ་གྲོས་ ཆོད་ཡིག་ཆ་ཨང་ ༨༠ དགོངས་དོན་ཚོགས་ཆུང་གི་ལས་དོན་མཇུག་སྐྱོང་སླད་ད་ཡོད་ཚོགས་ཆུང་གི་ལས་ཡུན་ སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་ ༡༡ བར་བསྐྱར་དུ་བསྐོ་གཞག་བྱ་རྒྱུའི་སྤྱི་མོས་གྲོས་ཆོད་ལྟར། དཔལ་ལྡན་ཚོགས་གཙོ་སྦྲེལ་པོས་ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༢༡ འཁོད་བཀོད་ཁྱབ་ཕེབས་དགོངས་ལྟར་ད་ཡོད་ཚོགས་ཆུང་གི་མི་འགྲོ་རྣམས་བསྐྱར་དུ་ བསྐོ་གཞག་གིས་ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༢༣ ནས་འགོ་འཛུགས་ཀྱིས་ལས་དོན་མུ་མཐུད་མཇུག་སྐྱོང་ཞུས།

༣༽ ལས་དོན་ཞུ་ཕྱོགས་ཁག
༣་ ༡།    ཚོགས་ཆུང་གི་ཞུ་སྒོའི་ལས་དོན་རྣམས་ཚོགས་མི་ཚང་འཛོམས་ཐོག་བྱ་རྒྱུ་དང༌། ཅི་སྟེ་གཞུང་སྒེར་གནས་སྟངས་འོག་ཚང་འཛོམས་ཐུུབ་མིན་བྱུང་ཚེ་ཚོགས་ཆུང་གི་ ཚོགས་མི་གསུམ་ཆ་གཉིས་ནས་ལས་དོན་བྱ་འཐུས་ཀྱང༌། ཐག་གཅོད་རིགས་ཚོགས་མི་ཚང་འཛོམས་ཐོག་བྱ་རྒྱུ་གནང༌།
༣་༢།    ལས་དོན་དང་འབྲེལ་བའི་ཐོག་རྩིས་ཞིབ་སྤྱི་ཁྱབ་འགན་འཛིན་དང་འབྲེལ་ཡོད་རྣམས་ལ་གོ་བསྡུར་གནང་འོས་གནང་རྒྱུ་བྱས།
༣་ ༣།    རྩིས་ཞིབ་ལས་ཁང་ནས་རྩིས་ཞིབ་བྱས་ཁོངས་དུས་མཚམས་འདྲ་མིན་འདུག་པ། དཔེ་མཚོན་ཙམ་ཞུས་ན། རྩིས་ལོ། ༡༩༩༩་་་༠༨། ༢༠༠༤་་་༠༧། ༢༠༠༥་་་༠༧། ༢༠༠༥་་་༠༨།  ༢༠༠༦་་་༠༧། ༢༠༠༦་་་༠༨། ༢༠༠༦་་་༠༩། ༢༠༠༧་་་༠༩ བཅས་འདུག་པ་ཚོགས་ཆུང་ནས་རྩིས་ལོ་ ༢༠༠༤ ནས་ ༢༠༠༨ ནང་ཚུད་པའི་རྩིས་སྙན་བཅས་ལ་ཞིབ་འཇུག་ཞུས་པ་སྡེ་ཚན་གྲངས་ ༡༦༠ ཁོངས་ཚུད་ཡོད།
༣་༤།    དགོས་གལ་བྱུང་ཚེ་ས་གནས་ས་ཐོག་ཏུ་ཚོགས་ཆུང་ཚོགས་མི་ཆ་བགོས་ཕྱོགས་བསྐྱོད་ཀྱིས་ཞིབ་འཇུག་བྱ་རྒྱུ་གནང༌།

༤༽ ལས་དོན་ཇི་ཞུས་དང་གྲུབ་འབྲས་གནས་སྟངས།
༤་ ༡།    རང་གཞུང་བཀའ་ཤག་གིས་ ༢༠༠༦ ཟླ་ ༡༡ ཚེས་ ༢༨ དང༌། ༢༠༠༧ ཟླ་ ༡ ཚེས་ ༡༩ འཁོད་རང་གཞུང་ལས་ཁུངས་མ་ལག་དང་ཁྱབ་ཁོངས་སྡེ་ཚན། ཟུར་སྐྱོང་སྡེ་ཚན་བཅས་པའི་ངེས་ཅན་རྩིས་ཞིབ་བྱ་དགོས་སྡེ་ཚན་ ༢༧༤ ཐོག་རྒྱུན་གྲོན་རྩིས་ཞིབ་ཞུ་དགོས་སྡེ་ཚན་ ༣༡ དང༌། དེ་བཞིན་རྩིས་ཞིབ་ལས་ཁང་ནས་རྩིས་ཞིབ་ཞུ་དགོས་སྡེ་ཚན་ ༣༩ བཅས་རྩིས་ཞིབ་ཞུ་དགོས་ཁྱོན་བསྡོམས་སྡེ་ཚན་གྲངས་ ༣༤༤ བྱེད་པ་ནས་ཕྱི་ལོ་ ༢༠༡༠ ཟླ་ ༡ བར་རྩིས་ལོ་ ༢༠༠༧་་༠༨ ལོའི་རྩིས་ཞིབ་གྲུབ་པ་དང༌། དེ་དག་གི་ལན་འདེབས་བཅས་ཚོགས་དྲུང་ལས་ཁུངས་བརྒྱུད་ནས་དང༌། ཚོགས་ཆུང་ནས་ཞུ་བསྐུལ་རྗེས་གནང་འབྱོར་བྱུང་བའི་སྡེ་ཚན་གྲངས་ ༡༦༠ བཅས་ཀྱི་རྩིས་སྙན་དང་ལན་འདེབས་ཁག་ལ་ཞིབ་འཇུག་ཞུས་པ་ཟུར་འཛར་ ཀ པའྀ་ནང་གསལ།
༤་ ༢།    ཞིབ་འཇུག་ཞུས་པའི་རྩིས་སྙན་དང་ལན་འདེབས་ནང་མཇུག་གནོན་མ་བྱུང་བ། མཇུག་གནོན་བྱ་མུས། སྐྱོན་གནད་བཅས་ཁྱོན་བསྡོམས་རྩིས་སྙན་གྲངས་ ༢༡༩༧ ཡོད་པ་ནས་ལན་འདེབས་ཀྱིས་འགྲིགས་པ་རྩིས་སྙན་གྲངས་ ༡༡༩༥ དང༌། དོགས་འདྲི་སོང་བ་གྲངས་ ༦༣༠ ནས་དོགས་འདྲིའི་ལན་འདེབས་ཀྱིས་འགྲིགས་པ་གྲངས་ ༤༦༠ ། མུ་མཐུད་མཇུག་གནོན་དགོས་པ་དང༌། ཚོགས་ཆུང་གི་རྒྱབ་གཉེར་གྲངས་ ༥༤༢ བཅས་པའི་ཕྱོགས་བསྡོམས་གནས་སྟངས་རེའུ་མིག་ཟུར་འཛར་ ཁ པར་གསལ།
༤་༣།    རང་གཞུང་ལས་ཁུངས་མ་ལག་དང་སྡེ་ཚན་ཁག་ནས་མུ་མཐུད་མཇུག་སྐྱོང་དགོས་རིགས་དང༌། རྒྱབ་གཉེར་གྲངས་ ༥༤༢ དེ་དག་གི་རྩིས་སྙན་ཨང་དང༌།     མཇུག་གནོན་བྱ་ཕྱོགས་ཀྱི་ལམ་སྟོན་བཅས་གསལ་བཀོད་ཡོད་པ་ཟུར་འཛར་ ག༽ པ་ཤོག་གྲངས་ ༢༥ ནས་ ༡༦༤ བར་ནང་གསལ།
༤་༤།    བཙན་བྱོལ་བོད་གཞུང་གི་སྔོན་རྩིས་ཕྱོགས་བསྡོམས་རྩིས་ཞིབ་སྙན་ཐོ་ ཡོང་འབབ། ངེས་ཅན་འགྲོ་གྲོན། རྒྱུན་གྲོན་ཁོངས་ཕོགས་དང་གཞན་རྩིས་འགོ་ ༡༦། དམིགས་བསལ།  ལ་སྤྱི་འཐུས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་གཉིས་པ་དང༌། གསུམ་པ་གཉིས་ནས་ཞིབ་འཇུག་ཞུས་མི་འདུག་པར་བརྟེན། རྩིས་སྙན་རིམ་གསོག་གིས་རྩིས་ལོ་ ༢༠༠༧་་་༠༨ ལོའི་རྩིས་ཞིབ་སྙན་ཐོར་ཤོག་གྲངས་ ༡༦༣ འདུག དེའི་ཁོངས་རྩིས་ལོ་ ༢༠༠༢་་་༠༣ སྔོན་གྱི་སྐྱོན་གནད་མང་དག་འདུག་ཅིང༌། ལྷག་པར་དུ་དེའི་ཁོངས་རྩིས་ལོ་ ༢༠༠༢་་༠༣ ནས་ ༢༠༠༧་་་༠༨ བར་རྩིས་ཞིབ་ལས་ཁང་གིས་སྒྲིག་དོན་དག་མཆན་མ་འཁོད་པ་སྒོར་ ༩༥༦༧༩༨༡་༢༤ བྱས་འདུག་པར་གཙང་སེལ་བྱ་ཕྱོགས་ཐད། ཚོགས་ཆུང་ནས་རྩིས་སྙན་ཁག་ལ་མུ་མཐུད་མཇུག་གནོན་དགོས་པ་དང་རྒྱབ་གཉེར་སྙན་ ཐོའི་ཁོངས་དོན་ཚན་ཨང༌། ༡་ཅ་༢༢། ནང་གསེས་ ཀ༽ ནས་ ན༽ བར་རྒྱབ་གཉེར་ལམ་སྟོན་ཁ་གསལ་ཞུས་ཡོད།
༤་༥།    དཔལ་འབྱོར་ལས་ཁུངས་ཁྱབ་ཁོངས་ཚོང་ལས་སྡེ་ཚན་རྣམས་སྒོ་བརྒྱབ་པ་དང་སྒེར་བདག་ ཅན་དུ་བསྒྱུར་ཕྱོགས་དང་འབྲེལ་བའི་རྩིས་ཞིབ་སྙན་ཐོ་ཕྱི་ལོ་ ༢༠༠༧ ཟླ་ ༡༠ ཚེས་ ༥ འཁོད་ཤོག་གྲངས་ ༡༢༥ ཅན་ཞིག་ཚོགས་དྲུང་ལས་ཁུངས་ནས་གནང་འབྱོར་བྱུང་བར་རྩིས་སྙན་ལན་འདེབས་མི་འདུག་ པར་བརྟེན། ཚོགས་ཆུང་ནས་ཕྱི་ལོ་ ༢༠༡༠།༢།༡༠ འཁོད་དཔལ་འབྱོར་ལས་ཁུངས་ལ་རྩིས་སྙན་ལན་འདེབས་གནང་སྐྱོང་ཡོང་བ་ཞུས་པར་དཔལ་ འབྱོར་ལས་ཁུངས་ནས་ ༢༠༡༠།༤།༡༩ འཁོད་པའི་ལན་འདེབས་ནང་ཚོང་འབྲེལ་སྡེ་ཚན་སྒེར་བདག་ཅན་དུ་བསྒྱུར་ཕྱོགས་དང་ འབྲེལ་བའི་རྩིས་ཞིབ་སྙན་ཐོ་ཤོག་གྲངས་ ༡༢༥ ཡོད་པའི་ལན་འདེབས་གསལ་བཤད་ལ་དཔལ་ལྡན་བཀའ་ཤག་ནས་ཐུགས་ཞིབ་གནང་མུས་ཀྱང༌། གསལ་བཤད་ལན་འདེབས་ཞིབ་གསལ་འབུལ་དགོས་མང་དག་ཅིག་ལ་བསྐྱར་ཞིབ་དགོས་པའི་ཡིག་ཆ་ མང་ཆེ་བ་ཕྱོགས་མཐར་ཡོད་མུས། སྐབས་དེའི་འབྲེལ་ཆགས་ལས་བྱེད་ཀྱང་མེད་པ་བཅས་ཀྱི་དུས་འགོར་གྱིས་འབྱུང་འགྱུར་ ཆ་ཚང་ཟིན་མཚམས་འབུལ་རྒྱུ་ལས་ད་ལྟར་འབུལ་ཐབས་བྱུང་མ་སོང་ཞེས་ཕེབས་པར་བརྟེན་ ཚོགས་ཆུང་ནས་ཞིབ་འཇུག་ཞུ་ཐུབ་མེད།

༥༽ མཐོང་ཚུལ་ཁག
༥་༡།    གཞི་རྩའི་སྡེ་ཚན་སྤྱི་ཡོངས་ཀྱི་རྩིས་ཀྱི་གནས་སྟངས་དང༌། དངུལ་རྩིས་སྟངས་འཛིན༌། རྩིས་སྙན་ཁག་ལ་ལན་འདེབས་ཞུ་ཕྱོགས་བཅས་ཐོག་དངོས་མཐོང་ལག་ཟིན་གྱི་ཡར་རྒྱས་དང་ ཚགས་ཚུད་ཕྱིན་འདུག འོན་ཀྱང་སྡེ་ཚན་རེ་ཟུང་དང༌། ལྷག་པར་དུ་སྐུ་ཚབ་དོན་ཁང་ཁག་ཅིག་གི་རྩིས་ཁྲ་ཉར་ཕྱོགས། དངུལ་རྩིས་སྟངས་འཛིན། རྩིས་ཀྱི་གལ་འགངས་བཅས་ལ་འབྲེལ་ཡོད་ལས་བྱེད་རྩིས་པ་དང༌། རྩིས་སྒྲིག་དགོངས་དོན་དཔལ་འབྱོར་གཏོང་ལེན་གྱི་དབང་ཚད་ཡོད་པའམ་བསྐུར་བའི་ དབང་ལྡན་འགན་འཛིན་བཅས་ནས་ཐུགས་སྣང་ཆུང་སྐྱོན་དང༌། སྐབས་དུས་སོ་སོར་རྩིས་ཀྱི་འགན་ཁུར་ཚུལ་བཞིན་མ་བཞེས་པའི་སྐྱོན་གནད་མང་དག་ ཅིག་ཐོན་འདུག་ན། སླད་བཀོད་འདོམས་དོ་ནན་གནང་གལ།
༥་༢།    སྒྲིག་འཛུགས་དང་སྡེ་ཚན་ཁག་ཅིག་ལོ་རེའི་གཏོང་ཡོང་རྩིས་སྒྲིག་ལྟར་ལོ་འཁོར་ སྔོན་རྩིས་སམ་བསྐྱར་བཅོས་སྔོན་རྩིས་ཐོག་ནས་གཏན་འབཻབས་གནང་ལམ་འདུག་ཀྱང་སྔོན་ རྩིས་བཀའ་འཁྲོལ་ལས་བརྒལ་བའི་འགྲོ་གྲོན་དང༌།  བཀའ་འཁྲོལ་མེད་པའི་འགྲོ་གྲོན། འགྲོ་གྲོན་སྔོན་བཏང་དང་བཀའ་འཁྲོལ་རྗེས་ཞུས་ཀྱི་གནས་སྟངས་ཇི་སྙེད་ཡོང་འདུག ལྷག་པར་དུ་བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང༌། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞིའི་དོན་ཚན་ ༤ པའི་ཁྱབ་ཚད་དུ་ཡོད་པའི་སྒྲིག་འཛུགས་ཇི་སྙེད་ཅིག་ལའང་གཅིག་མཚུངས་སྐྱོན་གནད་ ཡོང་འདུག་པ་རྩིས་ཞིབ་སྙན་ཐོ་རིམ་པའི་ནང་ཐོན་བཞིན་པ་དང༌། སྤྱི་འཐུས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་སོ་སོ་ནས་ཀྱང་སྙན་ཐོར་རིམ་བཀོད་ ཀྱིས་སྔོན་རྩིས་སྒྲིག་གཞི་དགོངས་དོན་གནང་ཕྱོགས་དགོས་རྒྱུའི་སྙན་བཀོད་གནང་ འདུག་ཀྱང༌། ད་དུང་ཡང་སྐྱོན་གནད་མུ་མཐུད་ཐོན་བཞིན་འདུག་པ་མ་ཟད། སྔོན་རྩིས་སྒྲིག་གཞིའི་དགོངས་དོན་སྟངས་འཛིན་བཀོད་འདོམས་གནང་ཕྱོགས་ཀྱང་ཚུལ་ བཞིན་བྱུང་མི་འདུག་པས། སླད་བཀོད་འདོམས་དང་སྟངས་འཛིན་གནང་ཕྱོགས་དོ་ནན་ཞིབ་ཚགས་གནང་གལ།
༥་༣།    སྐབས་དང་པོའི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་ ༢༠༠༡་་་༠༢ ཁོངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་འབྲེལ་བའི་སྙན་ཐོར་མཇུག་གནོན་ཇི་གནང་ གི་ལན་འདེབས་གྲོས་ཚོགས་སུ་སྙན་འབུལ་ཞུས་མི་འདུག་པ་མ་ཟད། སྙན་ཐོའི་དོན་གནད་ཐོག་མཇུག་གནོན་གང་ཡང་བྱུང་མི་འདུག
༥་༤།    ས་གནས་འགོ་འཛིན་ལས་ཁུངས་འགའི་རྩིས་སྙན་ནང་སློབ་ཡོན་དང༌། འཚོ་སྣོན། མ་དང་བྱིས་པའི་ལས་གཞི། ལས་འཆར་གཞན་ཁག་ཅིག་ལ་དབུས་ནས་རོགས་དངུལ་འབྱོར་བ་དུས་ཐོག་བགོ་འགྲེམས་དང་བེད་ སྤྱོད་མ་ཐུབ་པར་ལོ་ ༡་་་༢ བར་འགོར་བ་དང༌། ཁག་ཅིག་སྤྲོད་ཁུངས་མེད་པ་ཆགས་པའི་གནས་སྟངས་དང༌། ལས་འཆར་ཁག་ལག་བསྟར་མ་ཞུས་པའི་དངུལ་འབབ་རྩིས་འཁུར་ཞུ་བཞིན་འདུག་པ་སྐབས་དུས་ སོ་སོར་བེད་སྤྱོད་བྱ་ཐབས་དང༌། ཁ་བསྒྱུར་ཞུ་ཕྱོགས་ས་གནས་སམ་དབུས་ནས་མཇུག་གནོན་སྟངས་འཛིན་དོ་ནན་གནང་གལ་ མཐོང༌།
༥་༥།    བཙན་བྱོལ་བོད་གཞུང་གི་དངུལ་རྩིས་སྟངས་འཛིན་ལག་དེབ་ཀྱི་ལེའུ་ ༡༡ པ་དོན་ཚན་ ༣༩ པ་ནང་གསེས་ ༣ པའི་ནང་དཔལ་འབྱོར་ལས་ཁུངས་ཕུད་རྒྱ་བལ་འབྲུག་གསུམ་དུ་ལས་ཁུངས་ཁག་གི་ནང་དངུལ་ གཉེར་གྱི་ལག་ཏུ་དངུལ་རྐྱང་ཉར་ཚད་ཧིན་སྒོར་ ༢༠༠༠།༠༠ རེ་དང་མཚུངས་འབབ། ཕྱི་རྒྱལ་དོན་གཅོད་ཁག་ནས་ཨ་སྒོར་ ༥༠༠།༠༠ རེ་དང་མཚུངས་འབབ་བཅས་ལས་ལྷག་ཉར་མི་ཆོག་ཅེས་གཏན་འབེབས་ཡོད་པར་བརྟེན་ལས་ཁུངས་ དང་སྡེ་ཚན་ཕལ་མོ་ཆེའིེ་རྩིས་སྙན་ནང་དངུལ་རྐྱང་ཉར་ཚད་ལས་བརྒལ་བའི་སྐྱོན་གནད་ གསལ་བཞིན་འདུག་ན། དངུལ་རྐྱང་ཉར་ཚད་དེ་བཞིན་ཕྱི་ལོ་ ༢༠༠༢།༩།༡ ནས་གཏན་འབེབས་ཞུས་པ་ཞིག་ཡིན་འདུག་པ་ད་ཆ་ལོ་ངོ་གང་འཚམས་འདས་ཟིན་པ་དང་ས་གནས་ ཁག་གི་གནས་སྟངས་འདྲ་མིན་བཅས་ལ་སྤྱི་ཡོངས་བསྐྱར་ཞིབ་ཀྱིས་ལག་བསྟར་ཐུབ་ངེས་ ཚད་གཞི་གཏན་འབེབས་གནང་གལ།
༥་༦།    ལས་ཁུངས་དང་སྡེ་ཚན་འགའི་དངོས་ཟོག་ཞིབ་བཤེར་ལུགས་མཐུན་མ་བྱུང་བའི་སྐྱོན་གནད་ ཐོན་འདུག་པ་འབྲེལ་ཡོད་དབང་ལྡན་འགན་འཛིན་ནས་དངུལ་རྩིས་སྟངས་འཛིན་ལག་དེབ་དོན་ ཚན་ ༣༨ པའི་ནང་གསེས་ ༣ པ་དགོངས་དོན་དངོས་ཟོག་ཞིབ་བཤེར་གནང་ཕྱོགས་ལ་འགན་འཁུར་དང་དོ་སྣང་ཞན་སྐྱོན་ ཆགས་འདུག
༥་༧།    ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་བལ་ཡུལ་གངས་ཅན་བདེ་རྩའི་འོག་སློབ་གྲྭ་འགའི་ རྩིས་སྙན་ལན་འདེབས་ནས་རང་གཞུང་ཤེས་རིག་ལས་ཁུངས་དང་རྩིས་ཞིབ་ལས་ཁང་གི་རྩིས་ ཞིབ་སྙན་ཐོར་ཚུལ་བཞིན་འགན་འཁུར་མ་ཞུས་པ་དང༌། ལྷག་པར་དུ་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་གསུམ་པའི་སྙན་ཐོ་ཁག་ལ་མཇུག་ གནོན་གང་ཡང་གནང་མི་འདུག་ན། རང་གཞུང་ལ་གནས་དུས་ཚོད་རྩིས་མ་ཡིན་པར་བརྩི་བཀུར་ཞུ་ཡི་ཡོད་ཚེ་སླད་འདིེ་ རིགས་མི་འབྱུང་བར་མཇུག་གནོན་དམ་དོན་གནང་གལ།
༥་༨།    རྩིས་ཞིབ་སྙན་ཐོ་ཁག་ལ་ཞིབ་སྐབས་དེབ་བསྐྱེལ་ཡོད་པའི་ཚོགས་པ་ཁག་ཅིག་ནས་བཙན་ བྱོལ་བོད་མིའི་བཅའ་སྒྲིག་ལས། ཚོགས་པ་སོ་སོའི་ཁྲིམས་དང་འགན་འཛིན་ལྷན་ཚོགས་ཀྱི་ཐག་གཅོད་གལ་གནད་ཆེ་བར་བརྩི་ མཁན་ཡོང་འདུག་ན། དེ་རིགས་ས་གནས་ཀྱི་ཁྲིམས་སྒྲིག་དང་མ་འགལ་ཚེ་བཙན་བྱོལ་བོད་གཞུང་གི་ཁྲིམས་ སྒྲིག་དགོངས་དོན་རྩ་འཛིན་ཞུ་ཐུབ་པ་དགོས་གལ།
༥་༩།    སྡེ་ཚན་ཁག་ཅིག་གི་རོགས་དངུལ་བེད་སྤྱོད་བྱ་བསྡད་དང་གྲུབ་འབྲས་སོགས་ལ་ཞིབ་ སྐབས། ལས་འཆར་ཁག་ཅིག་རོགས་དངུལ་ཐོབ་སོན་ཁོ་ནར་དམིགས་ཏེ་ཕུལ་བ་ལྟ་བུ་མངོན་ཡོང་ འདུག་ན། སླད་ནས་རོགས་དངུལ་ཐབས་འཚོལ་གནང་ཁག་བེད་སྤྱོད་གནང་ཕྱོགས་ཀྱིས་ཕན་ཐོགས་དེ་ཙམ་ མེད་པའི་རིགས་ལ། དབུས་ས་གཉིས་ནས་ཞིབ་འཇུག་ནན་འདྲོངས་གནང་གལ་མཐོང༌།
༥་ ༡༠།    རྩིས་སྙན་སོ་སོར་ཞིབ་སྐབས་ལན་འདེབས་མང་པོ་ཞིག་ནང་ངོ་བཤུས་ཟུར་སྦྱར་ཡོད་གསལ་ བ་ཙམ་ལས་དངོས་སུ་ཟུར་སྦྱར་མིག་མཐོང་བྱ་རྒྱུ་མེད་པས་སླར་ཡང་ངོ་བཤུས་དགོས་ གནས་ཆགས་ཀྱི་འདུག་ན། སླད་རྩིས་འབྲེལ་ཡིག་ཆ་ཁག་གི་ཟུར་སྦྱར་དགོས་རིགས་ངོ་བཤུས་ངེས་པར་དུ་མཉམ་ སྦྱར་དགོས་གལ།
༥་༡༡།    རྩིས་ཞིབ་སྙན་ཐོའི་སྐྱོན་གནད་ཁག་ཅིག་འཛིན་སྐྱོང་བཀའ་ཤག་དང་ལས་ཁུངས་སོ་སོ་ ནས་རྩ་འཛིན་ལམ་སྟོན་གནང་ཁག་ལ། སྡེ་ཚན་ཁག་ནས་དེ་བསྟུན་མཇུག་གནོན་ཕྱག་བསྟར་མ་གནང་བའི་སྐོར་རེད་འདུག་ན། འདི་རིགས་མི་འབྱུང་ཆེད་རྩ་འཛིན་ལམ་སྟོན་མ་གནང་གོང་ཞིབ་འཇུག་སོགས་ཇི་དགོས་ གནང་གལ་དང། རྩ་འཛིན་ལམ་སྟོན་གཏན་འབེབས་རྗེས་གོང་འོག་ཚང་མས་གཅིག་མཚུངས་སུ་དེ་དོན་ཕྱག་ བསྟར་གནང་ཐུབ་པ་དགོས་རྒྱུ་དང༌། ཕྱག་བསྟར་ཚུལ་བཞིན་མ་བྱུང་བའི་རིགས་ལ་བཀོད་འདོམས་དང་སྟངས་འཛིན་གནང་ཕྱོགས་ ཀྱང་དགོས་འདུག
༥་༡༢།    རྩིས་ཞིབ་ལས་ཁང་ནས་ལོ་རེའི་ཕྱོགས་བསྡོམས་སྙན་ཐོ་ཕུལ་བར་ཡོང་འབབ་ཀྱི་གནས་ སྟངས་ཁོངས། བོད་གཞུང་སྔོན་རྩིས་ཀྱི་གཏན་འཇགས་མ་དངུལ་ཐེབས་རྩའི་དངུལ་འབོར་དང༌། ལོ་རེར་སྐྱེད་འབབ་ཇི་བྱུང༌། སྐྱེད་འབབ་ནས་བེད་སྤྱོད་ག་ཚོད་གནང་ཐུབ་པ་བཅས་གསལ་བཀོད་འདུག་པའི་གནས་སྟངས་གཤམ་གསལ།
ལོ་ ཁམས།ཐེབས་རྩ་མ་འབོར།དངུལ་སྐྱེད་བྱུང༌།དངུལ་སྐྱེད་བེད་སྤྱོད།དངུལ་སྐྱེད་བེད་ སྤྱོད་མ་ཐུབ་པ།མཆན།༢༠༠༤་་༠༥༨༩༨༠༧༥༢༡་༧༠༥༢༥༦༠༥༤་༡༨༢༨༤༥༥༥༨་༠༠༢༤༡༠༤༩༦་༡༨ཡིད་ དགེ་མ་དངུལ།༢༠༠༥་་༠༦༡༡༠༨༦༤༧༤༢་༥༤༦༩༨༧༡༤༦་༡༨༦༤༠༡༡༡༥་༧༨༥༨༦༠༣༠་༤༠ཡིད་དགེ་མ་ དངུལ།༢༠༠༦་་༠༧༡༡༤༢༦༨༡༢༤་༣༦༨༤༥༠༣༧༠་༨༩༧༤༨༣༧༡༣་༨༩༩༦༦༦༥༧་༠༠ཟུར་བཅད།༢༠༠༧་་ ༠༨༡༢༢༠༨༤༨༨༣་༧༢༩༠༢༦༢༡༠་༠༠༧༤༧༤༨༩༠་༠༠༡༥༥༡༣༢༠་༠༠ཐེབས་རྩར་སྣོན།
གོང་གསལ་ལ་ གཞིགས་ཚེ་ལོ་རེའི་སྐྱེད་འབབ་ཆ་ཚང་ཞིག་བེད་སྤྱོད་མ་ཐུབ་པ་གསལ་པོ་རེད་འདུག་ ཀྱང་ཐེབས་རྩའི་མ་འབོར་ལོ་རེ་བཞིན་འཕར་མུས་ལ་སོང་སྐྱེད་ཀའི་ཡོང་འབབ་ཀྱང་ ཕྱོགས་མཚུངས་འཕར་ངེས། ཐེབས་རྩའི་དམིགས་ཡུལ་ནི་སྐྱེད་འབབ་ཇི་བྱུང་བོད་གཞུང་གི་ཕྱག་གྲོན་ལ་ཕན་པ་ གནང་རྒྱུ་ཡིན་སྟབས་དེ་དོན་གནང་ཐུབ་པ་དགོས་རྒྱུ་དང༌། ཡང་ཡིད་དགེའི་སྤྱིར་བཏང་དམིགས་ཡུལ་དང་ཐེབས་རྩའི་དམིགས་ཡུལ་གཉིས་མ་    འདྲེས་པར་གནང་ཕྱོགས་དགོས།
༥་༡༣།    རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་ལས་དོན་དོ་ནན་དང་ཞིབ་ཚགས་ཐོག་ནས་སྤྱི་ཡོངས་སྡེ་ ཚན་ཡོངས་ཀྱི་རྩིས་ཀྱི་གནས་སྟངས་ཡར་རྒྱས་དང༌། དངུལ་རྩིས་སྟངས་འཛིན། འགྲོ་གྲོན་བསྲི་ཚགས། ཁྲིམས་སྒྲིག་ལ་དོ་སྣང་རྒྱུན་འཁྱོངས་ཡོང་བར་ཕན་རླབས་ཅི་ཆེ་བྱུང་འདུག་པར་ མངོན། འོན་ཀྱང་རྩིས་ཞིབ་ལས་ཁང་ལ་ལས་བྱེད་འདང་མིན་ཇི་ལྟར་ཡང་བཙན་བྱོལ་བོད་གཞུང་ལས་ ཁུངས་མ་ལག་ཁྱབ་ཁོངས་དང༌། ཟུར་སྐྱོང་དང་རང་སྐྱོང་སྡེ་ཚན་གྲངས་ ༣༤༤ ལ་རྩིས་ཞིབ་བྱ་དགོས་དེ་དག་ལ་རྩིས་མཇུག་ཟིན་འཕྲལ་དུས་ཐོག་རྩིས་ཞིབ་བྱ་མ་ཐུབ་ པ་དང༌། སྡེ་ཚན་གང་འཚམ་ལ་ལོ་གཉིས་གསུམ་སྡེབ་གཅིག་གནང་བ་སོགས་ཅི་རིགས་ཡོད་པའི་གནས་ སྟངས་སྐོར་སྤྱི་འཐུས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་སྔ་མ་ཁག་ནས་ཀྱང་སྙན་ བཀོད་གནང་འདུག རྩིས་ཞིབ་དུས་ཐོག་བྱ་མ་ཐུབ་པར་ལོ་གཉིས་གསུམ་རེ་དུས་འགྱངས་ཆགས་ཚེ་རྩིས་ འབྲེལ་སྐྱོན་གནད་དང༌། དངུལ་དངོས་ཆད་གསབ་བྱ་རྒྱུ། དེ་བཞིན་སྟངས་འཛིན་བྱ་དགོས་ཁག་འབྲེལ་ཡོད་གནས་སྤོས་སམ་རྩ་དགོངས་ཟིན་པ་ཇི་ སྙེད་ཡོང་འདུག་པར་མཇུག་གནོན་བྱ་རྒྱུར་དུས་འགོར་དང༌། དཀའ་ངལ་འཕྲད་པ་དངོས་འབྲེལ་ཆགས་འདུག ད་ཆར་རྩིས་ཞིབ་ལས་ཁང་ནས་ལོ་རེར་རང་གཞུང་ལས་ཁུངས་དང་སྡེ་ཚན་ཁག་རྩིས་ཞིབ་བྱ་ དགོས་གྲངས་ ༣༤༤ ནས་དུས་ཐོག་ལས་ཁུངས་དང་སྡེ་ཚན་གྲངས་ ༡༦༠ ཙམ་ལ་མ་གཏོགས་རྩིས་ཞིབ་བྱ་ཐུབ་མི་འདུག དེའི་ཁོངས་རྩིས་ཞིབ་རྩ་བ་ནས་བྱ་མི་ཐུབ་པའི་སྡེ་ཚན་ཡང་གང་མང་འདུག

༦༽ ཚོགས་ཆུང་གི་རྒྱབ་གཉེར་ཁག
༦་ ༡།    ཚོགས་ཆུང་ནས་ལས་ཁུངས་དང་སྡེ་ཚན་སོ་སོའི་རྩིས་སྙན་གསལ་བཀོད་ཀྱིས་རྩིས་སྙན་ ལན་འདེབས་ཀྱི་འགྲིགས་པ་དང༌། དོགས་འདྲི་ལན་འདེབས་ཀྱིས་འགྲིགས་པ་བཅས་གསལ་བཏོན་ཞུས་ཡོད་པ་དེ་དག་རྩིས་སྙན་ ནང་མུ་མཐུད་སྙན་བཀོད་གནང་མི་དགོས་པ་བྱ་དགོས།
༦་༢།    བོད་གཞུང་ཟློས་གར་ཚོགས་པ་ནས་གཙང་ཁེའི་བརྒྱ་ཆ་མ་ཕུུལ་བ་དང༌། བལ་ཡུལ་གངས་ཅན་བདེ་རྩའི་ཁྱབ་ཁོངས་སློབ་གྲྭ་འགས་བོད་མི་མང་སྤྱི་འཐུས་ལྷན་ ཚོགས་ནས་གཏན་འབེབས་དགོངས་དོན་རོགས་དངུལ་ཐད་འབྱོར་འབབ་ནས། རང་གཞུང་གི་འཛིན་སྐྱོང་འགྲོ་གྲོན་དམིགས་རྟེན་ཆེད་བརྒྱ་ཆ་ ༡ འབབ་མ་ཕུལ་བའི་ཐད། སྡེ་ཚན་སོ་སོའི་འབྲེལ་ཆགས་རྩིས་སྙན་ཐོག་གནང་ཕྱོགས་ལམ་སྟོན་ཁ་གསལ་ཞུས་ཡོད་ པར་ལྟར་མཇུག་གནོན་ངེས་གནང་དགོས་རྒྱུ།
༦་༣།    གོང་དུ་མཐོང་ཚུལ་ཁོངས་དོན་ཚན་ ༥་༡༣། ནང་གསལ་དོན་བཞིན། རང་གཞུང་གི་དཔལ་འབྱོར་དང་དངུལ་རྩིས་གནས་སྟངས་བཅས་ཐོག་སྟངས་འཛིན་ཞིབ་ཚགས་ ཡོང་བར་ལས་ཁུངས་དང་སྡེ་ཚན་ཁག་གི་རྩིས་ཞིབ་སྒྲིག་དོན་དུས་ཐོག་བྱ་ཐུབ་སླད། བཀའ་ཤག་དང་རྩིས་ཞིབ་སྤྱི་ཁྱབ་འགན་འཛིན་གོ་བསྡུར་གྱིས་གནང་ཕྱོགས་ངེས་གནང་ དགོས་འདུག།
༦་༤།    སྤྱི་འཐུས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་གསུམ་པའི་༢༠༠༣་་་༠༤སྙན་ཐོ་གྲོས་ ཚོགས་སུ་ཕྱི་ལོ་ ༢༠༠༨ ཟླ་ ༨ ཚེས་ ༢༩ ཉིན་འགོད་འབུལ་གྱིས་ལོ་གཉིས་དང་ཕྱེད་འདས་ཟིན་ཀྱང་བཀའ་ཤག་གི་མཇུག་སྐྱོང་ལས་ དོན་ཇི་ཞུས་ཀྱི་སྙན་ཐོ་འགོད་འབུལ་གནང་མི་འདུག དེ་བཞིན་སྤྱི་འཐུས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་དང་པོ་དང༌། གཉིས་པའི་སྙན་ཐོའི་དོན་གནད་ཁག་ཅིག་ལའང་མཇུག་གནོན་མ་བྱུང་བ་འདུག་ན།      མ་འོངས་པར་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གི་སྙན་ཐོའི་གལ་གནད་ལ་གཞིགས་པའི་ མཇུག་གནོན་གནང་ཕྱོགས་དང༌།     མཇུག་འདེད་གཙང་སེལ་བྱ་ཕྱོགས་ཚད་ལྡན་དགོས་གལ་ཆེ་ན། སྤྱི་འཐུས་གྲོས་ཚོགས་སམ་རྒྱུན་ལས་ནས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་གིས་རྒྱབ་ གཉེར་སྙན་ཐོར་དུས་ཚོད་རྒྱས་བཅད་ཐོག་འཛིན་སྐྱོང་བཀའ་ཤག་ནས་ལས་དོན་ཇི་ཞུས་ ཀྱི་སྙན་ཐོ་འབུལ་ཕྱོགས་དང་མཇུག་འདེད་གཙང་སེལ་གནང་ཕྱོགས་བཅས་ཀྱི་རྩ་འཛིན་ལམ་ སྟོན་བཟོ་གནང་དགོས་འདུག
༦་༥།    དཔལ་འབྱོར་ལས་ཁུངས་ཁྱབ་ཁོངས་ཚོང་འབྲེལ་སྡེ་ཚན་དང་ས་ཁང་སྒེར་བདག་ཅན་དུ་ བསྒྱུར་ཟིན་པའི་སྡེ་ཚན་དེ་དག་གི་སྔ་མའི་རྩིས་སྙན་ཁག་ནང་ཡོད་པའི་སྐྱོན་གནད་ རྣམས་མཇུག་འདེད་བྱ་ཡུལ་མེད་པ་ལྟ་བུ་མངོན་ན། འཛིན་སྐྱོང་བཀའ་ཤག་དང༌། རྩིས་ཞིབ་ལས་ཁང་ནས་ཐུགས་སྣང་གིས་སྐྱོན་གནད་དེ་དག་གཙང་སེལ་ཡོང་ཐབས་དང་མུ་ མཐུད་མཇུག་འདེད་དགོས་འདུག
༦་༦།    རྩིས་ཞིབ་ལས་ཁང་ནས་དག་མཆན་མ་བཀོད་པའི་དོན་གནད་མང་པོ་ཞིག་ཕྱི་རྒྱལ་དོན་ཁང་ ཁག་གི་ལས་བྱེད་ཀྱི་གསོལ་ཕོགས་དང་ཁང་དོད་ནས་ལས་བྱེད་རང་ཉིད་ནས་ཁྲལ་འབུལ་ དགོས་རིགས་ཀྱི་རྒྱབ་རྟེན་ཡིག་ཆ་མ་ཕུལ་བས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ གྲོས་ཆོད་དགོངས་དོན་ཕྱི་རྒྱལ་ལས་དོད་གུན་གསབ་ཀྱི་བརྒྱ་ཆ་ ༥༠ འབུལ་ཕྱོགས་ཐོག་སྐྱོན་གནད་ལྷག་འདུག་པས་ད་ལྟའི་གནང་ཕྱོགས་ནས་དཀའ་ངལ་དེ་རིགས་ མུ་མཐུད་འཕྲད་བཟོ་འདུག་ན་འཛིན་སྐྱོང་བཀའ་ཤག་ནས་བསྐྱར་ཞིབ་ཀྱིས་གནང་ཕྱོགས་ དགོས་འདུག
༦་༧།    གོང་དུ་ཚོགས་ཆུང་གི་ལས་དོན་ཇི་ཞུས་དང་གྲུབ་འབྲས་གནས་སྟངས་ཁོངས་དོན་ཚན་ ༤་༥། ནང་གསལ་དཔལ་འབྱོར་ལས་ཁུངས་ཁྱབ་ཁོངས་ཚོང་ལས་སྡེ་ཚན་རྣམས་སྒོ་བརྒྱབ་པ་དང༌། སྒེར་བདག་ཅན་དུ་བསྒྱུར་ཕྱོགས་དང་འབྲེལ་བའི་རྩིས་ཞིབ་སྙན་ཐོར་འཛིན་སྐྱོང་ བཀའ་ཤག་ནས་ལན་འདེབས་གསལ་བཤད་ནར་འགྱངས་སུ་མ་སོང་བར་གནང་རྒྱུར་འགན་འཁུར་ཆེ་ བཞེས་དགོས་འདུག
༦་༨།    ཚོགས་ཆུང་ནས་རང་གཞུང་ལས་ཁུངས་མ་ལག་དང་ཁྱབ་ཁོངས་དང་བཅས་པའི་ཟུར་སྐྱོང་དང་རང་ སྐྱོང་སྡེ་ཚན་གྱི་རྩིས་སྙན་གྲངས་ ༢༡༩༧ ཞིབ་འཇུག་ཞུས་པའི་ཁོངས་ནས་ལས་ཁུངས་དང་སྡེ་ཚན་སོ་སོ་ནས་མུ་མཐུད་མཇུག་གནོན་ དགོས་པ་དང་ཚོགས་ཆུང་གི་རྒྱབ་གཉེར་སྙན་ཐོའི་ཁོངས་རྩིས་སྙན་གྲངས་ ༥༤༢ དེ་དག་ལ་ཚོགས་ཆུང་ནས་དུས་བཀག་དང་ལམ་སྟོན་ཇི་ཞུས་ལྟར་མཇུག་གནོན་ཞུས་ཏེ་གྲུབ་ དོན་སྙན་ཐོ་འཛིན་སྐྱོང་བཀའ་ཤག་ནས་བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་ཚོགས་དུས་གསུམ་པར་ངེས་འབུལ་ཐུབ་པ་དགོས་རྒྱུ་བཅས། བོད་མི་མང་སྤྱི་འཐུས་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་བཞི་པས་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༤ ལ།། །།

༡༽    ཚོགས་གཙོ།        སྤྱི་འཐུས་རྒྱལ་རོང་ཟླ་བ་ཚེ་རིང༌།
༢༽    ཚོགས་དྲུང༌།        སྤྱི་འཐུས་སློབ་དཔོན་བསོད་ནམས་བསྟན་འཕེལ།
༣༽    ཚོགས་མི།        སྤྱི་འཐུས་འཁོར་ཚ་བསོད་ནམས་དགྲ་འདུལ།
༤༽    ཚོགས་མི།        སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན།
༥༽    ཚོགས་མི།        སྤྱི་འཐུས་དགེ་བཤེས་ག་ཟི་ཚེ་རིང་པོ།