༄༅། །རྩིས་ལོ་ ༢༠༡༠་་་༡༡ ལོའི་སྔོན་རྩིས་སོང་འཆར་བཀའ་འཁྲོལ་བསྡོམས་འབོར། བཅའ་ཁྲིམས་དོན་ཚན་ ༥༢ དང༌། བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞིའི་དོན་ཚན་བརྒྱད་པའི་འོག་ཐོག་མའི་ལོ་འཁོར་སྔོན་རྩིས་བཀའ་འཁྲོལ་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་ཟིན་ཐོག་གོང་གསལ་སྒྲིག་གཞིའི་དོན་ཚན་དགུ་པའི་འོག་སྤྱི་འཐུས་རྒྱུན་ལས་ནས་བསྐྱར་བཅོས་སྔོན་རྩིས་བཀའ་འཁྲོལ་གཏན་འབེབས་དང༌། དོན་ཚན་བདུན་པའི་ནང་གསེས་ ༥ དང་ ༨ སོ་སོའི་འོག་བར་བརྒལ་བཀའ་འཁྲོལ་ཟིན་པ་ཁག་གཤམ་གསལ་ལྟར་ཡིན།
རྒྱུན་གྲོན། (༠༠༠) |
དམིགས་བསལ། (༠༠༠) |
དམིགས་བཀར། (༠༠༠) |
བསྡོམས། (༠༠༠) |
|
ཐོག་མའི་སྔོན་རྩིས་བཀའ་འཁྲོལ། | ༣༥༠༧༣༣ | ༤༤༠༧༦ | ༥༢༩༩༨༨ | ༩༢༤༧༩༧ |
རྒྱུན་གྲོན། | དམིགས་བསལ། | ཟུར་བཀོལ། | བསྡོམས། | |
བསྐྱར་བཅོས་སྔོན་རྩིས་བཀའ་འཁྲོལ། | ༤༠༢,༩༦༩,༦༢༥ | ༤༧,༣༡༡,༥༩༤ | ༦༩༣,༧༤༨,༨༨༩ | ༡,༡༤༤,༠༣༠,༡༠༨ |
བར་བརྒལ་བཀའ་འཁྲོལ། | ༠ | ༥༠༠,༠༠༠ | ༢༦,༡༤༨,༧༡༡ | ༢༦,༦༤༨,༧༡༡ |
བསྡོམས། | ༤༠༢,༩༦༩,༦༢༥ | ༤༧,༨༡༡,༥༩༤ | ༧༡༩,༨༩༧,༦༠༠ | ༡,༡༧༠,༦༧༨,༨༡༩ |
༡༽ ལྷོ་སྤྱི་ལས་ཁུངས་དང་ས་འཐུས་མེད་པའི་ས་གནས་ཁག་དྲུག་གི་སྔོན་རྩིས་བཀའ་འཁྲོལ་བསྡོམས་༠༠༠ ༢༧༤༨༢
༢༽ འཕྲོད་བསྟེན་ཁྱབ་ཁོངས་སྨན་ཁང་གི་སྔོན་རྩིས་བཀའ་འཁྲོལ་བསྡོམས། ༠༠༠ ༣༡༤༦༡
བསྐྱར་བཅོས་སྔོན་རྩིས་སྐབས་ཀྱི་བཀའ་འཁྲོལ་འདི་དག་ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༣༠ ནས་རྩ་འཛིན་ཞུ་དགོས། བར་བརྒལ་བཀའ་འཁྲོལ་འདི་དག་ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༡ ནས་ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༢༨ བར་ཡིན་པ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ལ།།
གོང་གསལ་བཙན་བྱོལ་བོད་གཞུང་གི་རྩིས་ལོ་ ༢༠༡༠།༢༠༡༡ ལོའི་བསྐྱར་བཅོས་དང་བར་བརྒལ་བཀའ་འཁྲོལ་སོང་འཆར་ཁྲིམས་ཡིག་འདི་བཞིན་སྐབས་ ༡༤ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པར་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༣ ཉིན་ཁྲིམས་ལུགས་གཞིར་བཟུང་སྤྱི་མོས་ཀྱི་གཏན་ལ་ཕབ་པར་ཚད་འཛིན་ཞུས།