དཔལ་ལྡན་ཚོགས་གཞོན་མཆོག་རྒྱ་གར་བྱང་ཤར་ས་ཁུལ་ཁག་ཅིག་ལ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་བ།

༄༅། །དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅྰརྱ་ཡེ་ཤེས་ཕུན་ཚོགས་མཆོག་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༧ ནས་ ༡༤ བར་ཉིན་གྲངས་བརྒྱད་རིང་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་རྒྱ་གར་བྱང་ཤར་ཀ་རྡོར་སྒང་གསུམ་དང་། ར་ཝང་ལ་ཀུན་ཕན་གླིང་གཞིས་ཆགས་བཅས་ཀྱི་ས་གནས་མི་མང་རྣམས་ལ་ མང་གཙོ་དང་ཆིག་སྒྲིལ་ ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུར་གདན་ཞུས་གནང་བ་ལྟར་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད།

དེ་ཡང་དཔལ་ལྡན་ཚོགས་གཞོན་མཆོག་ཕྱི་ཚེས་ ༥ ཉིན་བཞུགས་སྒར་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༦ ཉིན་ལྡི་ལི་ནས་བྷག་ཌོ་རར་ (Bagdora) ཕེབས་ཐོན་གནང་རྒྱུ།  ཕྱི་ཚེས་ ༧ ནས་ ༡༤ བར་གོང་གསལ་ས་གནས་ཁག་ལ་ལས་རིམ། ཕྱི་ཚེས་ ༡༥ ཉིན་བྷག་ཌོ་ར་ནས་ལྡི་ལིར་ཕྱིར་ཕེབས་དང་། ཕྱི་ཚེས་ ༡༦ ཉིན་ལྡི་ལི་ནས་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །

 

 

Menu