༄༅། ། ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༢༧ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག སྤྱི་འཐུས་ཀླུ་ཚང་རྒྱ་རིགས་ཐར་མཆོག་བཅས་རྒྱ་གར་ཡུ་པི་མངའ་སྡེའི་གྲོང་ཁྱེར་ལག་ནའོ་ (Lucknow) རུ་རྟེན་གཞི་བྱས་པའི་གན་དྷིའི་ཚོགས་ཁང་ (Gandhi Bhavan) ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་ལག་ནའོ་་གན་དྷིའི་བསྟི་གནས་ཁང་གཉིས་ཐུན་མོང་ནས་གོ་སྒྲིག་ཞུས་པའི་ “བོད་ཀྱི་གནད་དོན་རྒྱ་གར་ལ་ཇི་ཙམ་གལ་ཆེ་ཚུལ།” ཞེས་པའི་བགྲོ་གླེང་ལྷན་ཚོགས་ཐོག་ཚོགས་བཅར་གནང་གཏན་འཁེལ་ཡོད།
དེ་ཡང་བགྲོ་གླེང་ལྷན་ཚོགས་ཐོག་ཕྱི་ནང་གི་མཁས་དབང་དང་ཉམས་ཞིབ་པ་ཁག་ཅིག་གིས་བོད་དོན་དང་འབྲེལ་བའི་བརྗོད་གཞི་ཁག་མི་འདྲ་བ་བཞིའི་ཐོག་གསུང་བཤད་དང་བགྲོ་གླེང་གནང་རྒྱུ་རེད་འདུག
དཔལ་ལྡན་ཚོགས་གཞོན་མཆོག་ཕྱི་ཚེས་ ༢༣ ཉིན་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༢༤ ཉིན་ལྡི་ལི་ནས་ལག་ནའོ་རུ་ཕེབས་ཐོན་གནང་རྒྱུ། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག་དང་། སྤྱི་འཐུས་ཀླུ་ཚང་རྒྱ་རིགས་ཐར་མཆོག་རྣམ་གཉིས་ཕྱི་ཚེས་ ༢༤ ཉིན་རྡ་ས་ནས་ལག་ནའོ་་རུ་ཕེབས་ཐོན་གནང་རྒྱུ་ཡིན་འདུག
ཁོང་རྣམས་ཕྱི་ཟླ་ ༣ ཚེས་ ༡ ཉིན་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་དུ། །