དཔལ་ལྡན་ཚོགས་གཙོ་མཆོག་ཨ་རིའི་ནིའུ་ཡོག་ (New York) དུ་ཕེབས་འབྱོར་གནང་བ།

 

༄༅། །འདི་ཟླའི་ཕྱི་ཚེས་ ༧ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བསོད་ནམས་བསྟན་འཕེལ་མཆོག་ནིའུ་ཡོག་ New York་ གནམ་ཐང་དུ་ཕེབས་འབྱོར་གནང་ནས་བོད་ཕྲུག་ན་གཞོན་རྣམ་པས་གྲོ་སོ་ཕྱེ་མར་བཏེགས་པ་དང་། ཨ་རིའི་དོན་གཅོད་ལས་བྱེད་ཀུ་དགའ་བཀྲ་ཤིས་ལགས་ དང་། བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས་། དེ་བཞིནཚོགས་པ་སྐྱིད་སྡུག་ཁག་གི་སྐུ་ཚབ་རྣམ་པ་དང། བོད་མི་མང་ཚོགས་བཅས་ནས་ ཕེབས་བསུ་ཟབ་རྒྱས་གནང་འདུག
ཕྱི་ཚེས་ ༨ ཉིན་རྒྱབ་རྒྱ་རིགས་གྲོགས་པོའི་ཚོགས་འདུའི་ཐོག་མཉམ་ཞུགས་དང་གསུང་བཤད་གནང་རྒྱུའི་ལས་རིམ་དང་། ཕྱི་ཚེས་༩ ཉིན་ ནིའུ་ཡོག་དང་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིགས་ཀྱིས་༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་བཞེས་ཀྱི་དུས་ དྲན་མཛད་སྒོར་གསུང་བཤད་གནང་རྒྱུ། ཕྱི་ཚེས་ ༡༠ ཉིན་བོད་དོན་གདུང་སེམས་མཉམ་སྐྱེད་ཀྱི་གཞི་རྒྱ་ཆེ་བའི་ལས་འགུལ་ཐོག་མཉམ་ཞུགས་ཀྱིས་ གསུང་བཤད་གནང་རྒྱུ།
ཕྱི་ཚེས་ ༡༡ ཉིན་རྒྱལ་ས་ཝ་ཤིང་ཊོན་(Washington) དུ་ཕེབས་འབྱོར་གནང་རྒྱུ་བཅས་ཀྱི་གནས་ཚུལ་དུ།