དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལྡི་ལིར་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༡༠ ཚེས་ ༢༧ ཉིན་རྒྱབ་ཆུ་ཚོད་ཐོག་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ག་གྷལ་གནམ་ཐང་དུ་ཐོན། ཆུ་ཚོད་ ༢།༤༥ ཐོག་ག་གྷལ་ནས་ཐོན་ཏེ་ཆུ་ཚོད་ ༣།༣༠ ཐོག་ལྡི་ལིར་ཕེབས་འབྱོར་གྱིས་ལྡི་ལི་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་ལྷན་དུ་ Austria གཞུང་ཚབ་ཁང་དུ་བཅར། གཞུང་ཚབ་མི་སྣ་ ༧ ཙམ་དང་། གཞན་ཡང་མགྲོན་འབོད་གནང་བའི་མི་སྣ་ཁག་གཅིག་དང་མཇལ། ཕྱི་ཚེས་ ༢༨ ཉིན་རྒྱ་གར་གྱི་དགུན་དུས་གྲོས་ཚོགས་ཀྱི་ལོ་ཕྱི་ཟླ་ ༡༡ པའི་ཚེས་ ༢༤ ནས་ཕྱི་ཟླ་ ༡༢ ཚེས་ ༢༣ བར་ཚུགས་རྒྱུའི་གསལ་བསྒྲགས་བསྐྱངས་དོན་ལྟར། གྲོས་ཚོགས་ཚོགས་དུས་དེའི་སྐབས་ཀྱི་མི་སྣ་མཇལ་འཕྲད་དང་། ཞུ་གཏུགས་ཀྱི་ལས་དོན་བྱེད་ཕྱོགས་ཐད་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་ངེས་སྟོན་པ་དང་ལས་འཆར་འགན་འཛིན་ལྷན་གོ་བསྡུར་གནང་། ཚེས་ ༢༩ ཉིན་ལྡི་ལི་ནས་རྡ་སར་ཕྱིར་ཕེབས་གནང་བ་ཡོད་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ།