ཀ་རྡོ་སྒང་གསུམ་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ།

བདེན་པའི་མེ་ལྕེ་རྡོར་གླིང་ས་གནས་ནས་བཀྲིས་གྲ་ཟམ་པའི་སྟེང་དུ་ཀ་སྦུག་ས་གནས་སུ་བརྒྱུད་སྤྲོད་གནང།བདེན་པའི་མེ་ལྕེ་རྡོར་གླིང་ས་གནས་ནས་བཀྲིས་གྲ་ཟམ་པའི་སྟེང་དུ་ཀ་སྦུག་ས་གནས་སུ་བརྒྱུད་སྤྲོད་གནང།བདེན་པའི་མེ་ལྕེ་རྡོར་གླིང་ས་གནས་ནས་བཀྲིས་གྲ་ཟམ་པའི་སྟེང་དུ་ཀ་སྦུག་ས་གནས་སུ་བརྒྱུད་སྤྲོད་གནང།བདེན་པའི་མེ་ལྕེ་རྡོར་གླིང་ས་གནས་ནས་བཀྲིས་གྲ་ཟམ་པའི་སྟེང་དུ་ཀ་སྦུག་ས་གནས་སུ་བརྒྱུད་སྤྲོད་གནང།
ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༣ ཉིན་བདེན་པའི་མེ་ལྕེ་བསུ་སྣ་མདའ་བོད་མི་འདུས་སྡོད་ཀྱི་ས་གནས་སུ་སྐོར་བསྐྱོད་གྲུབ་ནས། རྡོར་གླིང་ས་གནས་སུ་འབྱོར་སྐབས་ས་གནས་འགོ་འཛིན་དང་ལས་བྱེད་སོགས་ཀྱིས་བདེན་པའི་མེ་ལྕེ་བསུ་བ་ཞུས་པ་དང་། ཉིན་དེ་རང་ནས་ས་གནས་ཀྱི་ཚགས་ཤོག་དང་བརྙན་འཕྲིན་སོགས་བརྒྱུད་ལམ་ཁག་ལ་གསར་འགོད་གསལ་བསྒྲགས་བྱས་པས། བདེན་པའི་མེ་ལྕེའི་སྐོར་གྱི་གནས་ཚུལ་གང་ལེགས་ཐོན་ཡོད་པ་དང་། དེ་ནས་རིམ་གྱིས་ཉིན་གྲངས་གསུམ་རིང་རྡོར་གླིང་གི་ཁྲོམ་གཞུང་ཆེན་མོ་ཆོ་ར་ས་ཏ་རུ་མི་མང་འདུས་འཛོམས་ཀྱིས་ལས་འགུལ་སྤེལ་བ་དང་། ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ཀྱི་མཚན་རྟགས་གནང་བ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མཆོག་དང་། ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཀྱི་ཚོགས་གཙོ་རྣམ་གཉིས་ཀྱིས་བོད་དོན་དང་འབྲེལ་བའི་གསུང་བཤད་གནང་པ་དང་། ས་གནས་འགོ་འཛིན་གྱིས་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་དགོས་དོན་གྱི་གསུང་བཤད་སོགས་གནང་ཡོད། མི་མང་དང་སློབ་ཕྲུག་སོགས་ཀྱིས་བྱང་ཆུབ་སེམས་མཆོག་གྱེར་འདོན་གྱི་ཁྲོམ་སྐོར་བྱས་པ་དང་ས་གནས་ཡུལ་མི་བརྒྱུད་ནས་མཚན་རྟགས་བསྡུ་རུབ་སོགས་གནང་། ཚེས་ ༡༧ ཉིན་བདེན་པའི་མེ་ལྕེ་རྡོར་གླིང་ས་གནས་ནས་བཀྲིས་གྲ་ཟམ་པའི་སྟེང་དུ་འབྱོར་སྐབས། ཀ་སྦུག་ས་གནས་འགོ་འཛིན་དང་ལས་དྲུང་། འཐུས་མི་སོགས་ཕེབས་ཏེ་བདེན་པའི་མེ་ལྕེ་ཀ་སྦུག་ཏུ་བསྣམས་ཡོད་པ་རེད།
ཀ་སྦུག་ས་གནས་སུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་བཞིན་པ།ཀ་སྦུག་ས་གནས་སུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་བཞིན་པ།ཀ་སྦུག་ས་གནས་སུ་བོད་དོན་རྒྱབ་སྐྱོིར་མཚན་རྟགས་གནང་བཞིན་པ།ཀ་སྦུག་ས་གནས་སུ་བོད་དོན་རྒྱབ་སྐྱོིར་མཚན་རྟགས་གནང་བཞིན་པ།
ཀ་སྦུག་ས་གནས་སུ་བདེན་པའི་མེ་ལྕེའི་ལས་འགུལ་གནང་བཞིན་པ།ཀ་སྦུག་ས་གནས་སུ་བདེན་པའི་མེ་ལྕེའི་ལས་འགུལ་གནང་བཞིན་པ།ཀ་སྦུག་ས་གནས་སུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་བཞིན་པ།ཀ་སྦུག་ས་གནས་སུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་བཞིན་པ།
ཕྱི་ལོ་༢༠༡༢ ཟླ་༨ ཚེས་ ༡༨ ནས་༢༠ བར་ཀ་སྦུག་ཏུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་གནང་ཡོད་པ་དང་། སྐབས་དེར་ས་གནས་སུ་ཁ་ཆེའི་མི་རིགས་སོགས་མི་མང་པོས་རྒྱབ་སྐྱོར་གྱིས་མཚན་རྟགས་སོགས་བསྐྱོད་ཡོད་པ་རེད། ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་་༢༢ ནས་འགོ་འཛུགས་ཀྱིས་ད་ལྟའི་སྐབས་བདེན་པའི་མེ་ལྕེའི་ལས་འགུལ་སྒང་ཏོག་འགྲོ་བཞིན་པ་ཡིན།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་འབུལ་ལམ་ཞུ་རྒྱུའི་དྲ་ལམ་བརྒྱུད་ས་རྟགས་བསྡུ་འགོད་ཞུ་སའི་དྲ་ལམ་ཁ་བྱང་ནི།