༅། །བྱང་ཕྱོགས་ཀྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་རྡ་སར་འགྲོ་བཞིན་པ།

བདེན་པའི་མེ་ལྕེ་སྐོར་སྐྱོད་ཀྱི་ལས་འགུལ་ཆེད་བཞུགས་སྒར་དུ་གཞུང་འབྲེལ་མཛད་སྒོ་ཚོགས་པ།བདེན་པའི་མེ་ལྕེ་སྐོར་སྐྱོད་ཀྱི་ལས་འགུལ་ཆེད་བཞུགས་སྒར་དུ་གཞུང་འབྲེལ་མཛད་སྒོ་ཚོགས་པ།
དེ་ཡང་ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༤ ཉིན་ཧི་མ་ཅཱལ་མངའ་སྡེའི་ཀང་ར་རྫོངས་ཁོངས་ནུར་པུར་དུ་ཌན་ཧོར་ས་གནས་འགོ་འཛིན་ཁྱབ་ཁོངས་ནས་རྡ་ས་གནས་འགོ་འཛིན་ཁྱབ་ཁོངས་ལ་རྩིས་སྤྲོད་རྩིས་ལེན་གནང་སྟེ། དེར་མཛད་སྒོ་ཚར་བའི་རྗེས་རིམ་བཞིན་རྡ་ས་ས་གནས་འགོ་འཛིན་གྱི་ཁྱབ་ཁོངས་ཏྲི་ལོག་པུར་བཙུན་དགོན་དང། དེ་ནས་བཙུན་དགོན་འཇམ་དབྱངས་ཆོས་གླིང་བརྒྱུད་སཱ་ར་མཐོ་སློབ་ཏུ་འབྱོར་ཡོད་པ་དང།
ངྷ་སྟེང་བོད་ཁྱིམ་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད།ངྷ་སྟེང་བོད་ཁྱིམ་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད།
ཕྱི་ཚེས་ ༢༥ ཉིན་རྡ་སྟེང་བོད་ཁྱིམ་དུ་ས་གནས་འགོ་འཛིན་དང། བོད་ཁྱིམ་གྱི་སྤྱི་ཁྱབ་དབུ་འཛིན་ཚེ་དབང་ཡེ་ཤེས་ལགས་གཙོས་དགེ་ལས་སློབ་ཕྲུག་ ༣༠༠༠ ལྷག་མཉམ་ཞུགས་གནང་ཡོད་པ་དང། སློབ་ཕྲུག་ཆུང་བ་གྲངས་ ༡༠༠ ལས་ལྷག་པས་རྒྱལ་ཞེན་གླུ་གཞས་བོད་ལ་ལོག་འགྲོ་ཞེས་པ་བཅས་བཏང་སྟེ་སྐོར་བསྐྱོད་གནང་ཡོད་པ་རེད། ཕྱི་ཚེས་ ༢༦ ཞོགས་པ་ཐེག་ཆེན་ཆོས་གླིང་གསུང་ཆོས་ར་བར་ཆུ་ཚོད་ ༩་༣༠ ཐོག་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པའི་དབུས་ལས་བྱེད་ཟུར་དྲུང་ཡན་དང། མི་མང་བཅས་འདུ་འཛོམས་ཀྱིས་གཞུང་འབྲེལ་མཛད་སྒོ་གནང་ཞིང། མཛད་སྒོ་དེར་ཐོག་མར་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་སྐར་མ་གཅིག་གི་རིང་ངག་བཅད་མྱ་ངན་གུས་བཏུད་ཞུས་རྗེས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་། དེ་ནས་ས་གནས་འགོ་འཛིན་གྱིས་བདེན་པའི་མེ་ལྕེའི་ལས་འགུལ་ངོ་སྤྲོད་གནང་བའི་རྗེས་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་དང། ཚོགས་གཙོ་མཆོག བཀའ་བློན་ཁྲི་པ་མཆོག་བཅས་ནས་བདེན་པའི་མེ་ལྕེ་བརྒྱུད་སྤྲོད་གནང་། དེའི་རྗེས་སུ་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་དང་དཔལ་ལྡན་ཚོགས་མཆོག་ནས་ལས་འགུལ་དང་འབྲེལ་བའི་གསུང་བཤད་གནང་བའི་རྗེས་མཛད་གཙོ་རྣམ་པ་གསུམ་ནས་མཚན་རྟགས་འགོད་གནང་མཛད་དེ་མཛད་སྒོ་གྲོལ། དེ་ནས་མུ་མཐུད་བདེན་པའི་མེ་ལྕེ་སྐོར་བསྐྱོད་དང་འབྲེལ་མང་ཚོགས་ནས་ས་རྟགས་བསྡུ་རུབ་དབུ་འཛུགས་གནང་བ་བཅས་ཀྱི་གསར་གནང་སུ། ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༦ ལ།།
ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༦ བདེན་པའི་མེ་ལྕེ་སྐོར་སྐྱོད་ཀྱི་ལས་འགུལ་ཆེད་བཞུགས་སྒར་དུ་གཞུང་འབྲེལ་མཛད་སྒོ་ཚོགས་པ།ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༦ བདེན་པའི་མེ་ལྕེ་སྐོར་སྐྱོད་ཀྱི་ལས་འགུལ་ཆེད་བཞུགས་སྒར་དུ་གཞུང་འབྲེལ་མཛད་སྒོ་ཚོགས་པ།

Menu