རྒྱ་གར་སྲིད་དོན་ཚོགས་པ་ National People’s Congress (NPC) ལྡི་ལིར་ལྷན་ཚོགས་ཤིག་གནང་
ཡོད་པ་གྲུབ་མཚམས་ཨ་རུ་ན་ཅལ་ཁུལ་གྱི་ཚོགས་མི་མི་གྲངས་ ༤ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་
པོ་མཆོག་མཇལ་ཁ་ཞུ་རྒྱུ་གཙོས་ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༢༨ དང་ ༢༩ ཉིན་གཉིས་རིང་བཞུགས་སྒར་
རྡ་རམ་ས་ལར་ཕེབས་ཡོད་པར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ནས་སྣེ་ལེན་གནང་ཡོད་
པ་དང་། ཕྱི་ཚེས་ ༢༩ ཉིན་དགུང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་མཆོག་
མཇལ་འཕྲད་ཀྱིས་བོད་དོན་གང་ཅིའི་གླེང་མོལ་གནང་ཡོད་པ་རེད།