༄༅། །བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་དང་འབྲེལ་བའི་གྲོས་ཚོགས་ཀྱི་ཆེད་བཙུགས་ཚོགས་ཆུང་གི་ཕྱག་ལས་དབུ་འཛུགས།

DSC04109

༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༩ པའི་ཐོག་གཏན་འབེབས་གནང་བའི་ཡིག་ཆ་ཨང་ ༡༢ པ་དང་། གྲོས་ཆོད་ཨང་ ༢༠༡༥།༡༥།༩།༤ དགོངས་དོན་གསོ་བ་རིག་པ་རྒྱ་གར་གཞུང་ཁྲིམས་ནས་ངོས་ལེན་གནང་བའི་རྗེས་འབྲེལ་བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ནས་རྒྱ་གར་དབུས་སའི་འབྲེལ་ཡོད་ལས་ཁུངས་ལ་འབྲེལ་ལམ་གྱིས་ལས་དོན་བྱེད་ཕྱོགས་དང་། ལྷན་ཚོགས་ཀྱི་ངོ་བོ་རྒྱུན་གནས་དགོས་མིན་སོགས་ལས་དོན་བྱེད་ཕྱོགས་ལ་སྤྱི་ཡོངས་རྟོག་ཞིབ་བྱེད་པོའི་སྤྱི་ལྷན་ཚོགས་ཆུང་གི་མི་འགྲོར་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་སྤྱི་འཐུས་ཀརྨ་ཡེ་ཤེས་མཆོག་དང་། སྤྱི་འཐུས་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག སྨན་རམས་པ་པདྨ་རྡོ་རྗེ་མཆོག་བཅས་ལ་བསྐོ་འཛུགས་གནང་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༧ ཉིན་ནས་ཁོང་གསུམ་ལྷན་འཛོམས་ཀྱིས་ཚོགས་ཆུང་གི་ཕྱག་ལས་གནང་སྒོ་དབུ་འཛུགས་གནང་ཡོད་ཅིང། ཚོགས་ཆུང་ཚོགས་གཙོར་སྤྱི་འཐུས་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། དྲུང་ཆེར་སྨན་རམས་པ་པདྨ་རྡོ་རྗེ་མཆོག་གཉིས་སུ་ཐུགས་གཏན་འཁེལ་ཡོད་ཅིང་། ཚོགས་ཆུང་གི་གྲུབ་དོན་སྙན་ཐོ་སྤྱི་ལྷན་གྱི་གྲོས་ཚོགས་ཚོགས་དུས་ ༡༠ པའི་ཐོག་འབུལ་དགོས་ཀྱི་ཡོད་པ་རེད།          སྤྱི་འཐུས་ཚོགས་དྲུང་ལས་ཁུང་ནས་ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༧ ལ།།

Menu