༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་ལས་ཁུངས་སུ་གྲོས་ཚོགས་ཀྱི་ལས་རིམ་སྒྲ་འཇུག་ཁག་ཡིག་ཐོག་འགོད་འབེབས་དང་། ཞུ་དག པར་རྩ་དང། དེབ་གཟུགས་ཇུས་འགོད་བཅས་ཀྱི་ཆེད་རོགས་རམ་འཆར་གཞིའི་ཁོངས་ལས་བྱེད་གཅིག་གི་ས་སྟོང་ཡོད་པར། ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༦ ཉིན་འདེམས་རྒྱུགས་བླངས་པར་དགོས་ངེས་ཀྱི་ཨང་ཐོབ་བརྒྱ་ཆ་ ༥༠ མ་ལོན་སྟབས་བསྐྱར་དུ་ཡིག་རྒྱུགས་ལེན་རྒྱུ་དང་། འཚང་སྙན་འབུལ་མཁན་བོད་ཡིག་གཙོ་གྱུར་དབྱིན་ཡིག་དང། ཀམ་པཱུ་ཊར་གྱི་ཤེས་ཚད་རང་སྐྱ་འཕེར་བ་ཞིག་དགོས་གལ་ལ། ཟླ་རེར་གླ་ཕོགས་འགོ་འཛུགས་སྐབས་ཧིན་སྒོར་ ༡༠༠༠༠།༠༠ འབུལ་རྒྱུ་ཡིན་ན། དགོས་མཁོའི་འོས་ཆོས་གཤམ་གསལ་ལྟར་ལྡན་རིགས་ནས་རང་གི་ལོ་རྒྱུས་སྙིང་བསྡུས་དང་སྦྲགས་འཚང་སྙན་ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡༧ འགྱངས་མེད་འདི་གར་ཕུལ་ཟིན་པ་དགོས་རྒྱུ་དང་། ཡིག་རྒྱུགས་ཀྱི་དུས་ཚེས་རྗེས་སུ་བརྡ་སྦྱོར་གནང་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། ཚོགས་དྲུང་ལས་ཁུངས་ནས་ ༢༠༡༡ ཟླ་ ༡༢ ཚེས་ ༨ ལ།
འོས་ཆོས་ཆ་རྐྱེན་ངེས་པར་ཚང་དགོས་ཁག་ནི།
༡༽ ཤེས་ཚད་ཉུང་མཐར་མཐོ་སློབ་ཐོན་པའམ་དེ་དང་མཉམ་པའི་ལག་འཁྱེར་ཡོད་པ།
༢༽ གཞི་རིམ་ཀམ་སྤུ་ཀྲར་སློབ་སྦྱོང་ཡོད་ཐོག ལས་ཀ་བྱེད་མུས་ཡིན་ཚེ་འབྲེལ་ཡོད་ནས་དགག་ཆ་མེད་པའི་ངོས་སྦྱོར་དགོས་རྒྱུ།
༣༽ སྐྱབས་བཅོལ་བོད་མིའི་ལག་འཁྱེར་ R.C. ཡོད་པ།
༤༽ བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་ལག་དེབ་ཡོད་པ།
༥༽ གཟུགས་ཁམས་བདེ་ཐང་ཡིན་པའི་སྨན་པའི་ངོས་སྦྱོར་ཚད་ལྡན་ཡོད་པ་བཅས།
དོ་བདག་སོ་སོའི་འཚང་སྙན་མཉམ་གོང་གསལ་ཆ་རྐྱེན་ཁག་གི་ཡིག་ཆའི་ངོ་བཤུས་ལ་ས་གནས་འགོ་འཛིན་ནམ། ཡང་ན་ལས་བྱེད་ཟུང་དྲུང་ཡན་གྱི་དག་མཆན་བཀོད་དེ་འཚེམས་མེད་འབུལ་དགོས་ཤིང་། དེ་རྗེས་འབྲི་རྒྱུགས་དང་ངག་རྒྱུགས་སུ་འབོད་རིགས་ནས་ལག་འཁྱེར་ངོ་མ་རྣམས་མཉམ་འཁྱེར་སྤྱན་བསྟར་ཞུ་དགོས་བཅས།
Secretary
Tibetan Parliament-in-Exile
Central Tibetan Administration
P.O Dharamsala – 176215
Distt Kangra (H.P)
Ph: (+)01892-222481
Fax: (+)01892-224593
Mobile no: 94180 23481