རྩིས་ལོ་ ༢༠༡༨་་་༢༠༡༩ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་དང་འབྲེལ་བའི་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ལས་དོན་དབུ་འཛུགས་གནང་བ།

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་ཁྱབ་ཁོངས་དང་བཅས་པའི་ལོ་འཁོར་སྔོན་རྩིས་འཆར་གཞིར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོད་དཔག་འཆར་རྩིས་ཚོགས་ཆུང་ཆེད་འཛུགས་ཐོག་ཞིབ་འཇུག་ནན་ཏན་གྱིས་གྲོས་ཚོགས་སུ་གྲུབ་དོན་སྙན་ཐོ་འབུལ་ལམ་ལྟར། རྩིས་ལོ་ ༢༠༡༨་་་༡༩ ལོའི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་མི་འགྲོར་སྤྱི་འཐུས་པདྨ་འབྱུང་གནས་མཆོག་དང་། སྤྱི་འཐུས་བློ་བཟང་ཆོས་འབྱོར་མཆོག སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག སྤྱི་འཐུས་བློ་བཟང་གྲགས་པ་མཆོག སྤྱི་འཐུས་ཚེ་རིང་ལྷ་མོ་མཆོག་བཅས་བསྐོ་འཛུགས་གནང་བ་བཞིན། ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༢༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་ལྷན་འཛོམས་གནང་སྟེ་ཐོག་མར་ཚོགས་ཆུང་གི་ཚོགས་གཙོ་དང་ཚོགས་དྲུང་བསྐོ་གཞག་གནང་རྒྱུ་གནང་བར། ཚོགས་གཙོ་སྤྱི་འཐུས་པདྨ་འབྱུང་གནས་མཆོག་དང་། ཚོགས་དྲུང་སྤྱི་འཐུས་བློ་བཟང་ཆོས་འབྱོར་མཆོག་རྣམ་གཉིས་ཐུགས་གཏན་འཁེལ་གནང་ཡོད།

ཉིན་རྒྱབ་ཆུ་ཚོད་ ༢།༠༠ ཐོག་ཚོགས་ཆུང་གི་ཚོགས་མི་རྣམས་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གི་སར་ཆེད་བཅར་གྱིས་ལས་དོན་དང་འབྲེལ་བའི་ལམ་སྟོན་ཞུས་ཟིན་རྗེས་ཚོགས་ཆུང་གི་ལས་དོན་དངོས་སུ་དབུ་འཛུགས་གནང་ཡོད།

དེ་ཡང་ཚོགས་ཆུང་གི་གྲུབ་དོན་སྙན་ཐོ་ ༢༠༡ ཟླ་ ༣ ཚེས་ ༡༤ ཉིན་གྲོས་ཚོགས་ཚོགས་དུས་ པའི་གོང་དུ་ཚོགས་དྲུང་ལས་ཁུངས་སུ་འབུལ་གནང་ཐུབ་པ་དགོས་རྒྱུ་ཡིན་པ་བཅས། །