རྩིས་ལོ་ ༢༠༡༧’’’༡༨ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་།

1ལོ་ལྟར་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་ཁྱབ་ཁོངས་དང་བཅས་པའི་ལོ་འཁོར་སྔོན་རྩིས་འཆར་གཞིར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོད་དཔག་འཆར་རྩིས་ཚོགས་ཆུང་ཆེད་འཛུགས་ཐོག་ནས་ཞིབ་འཇུག་ནན་ཏན་གྱིས་གྲོས་ཚོགས་སུ་གྲུབ་དོན་སྙན་ཐོ་འབུལ་ལམ་ལྟར། རྩིས་ལོ་ ༢༠༡༧’’’༡༨ ལོའི་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་མི་འགྲོར་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་མཆོག སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག སྤྱི་འཐུས་རྡོ་རྗེ་ཚེ་བརྟན་མཆོག སྤྱི་འཐུས་དོན་གྲུབ་བཀྲ་ཤིས་མཆོག་བཅས་བསྐོ་འཛུགས་གནང་བ་བཞིན། ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༦ ནས་ཚོགས་ཆུང་ལྷན་འཛོམས་ཀྱིས་ཐོག་མར་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་དང་། ཚོགས་ཆུང་གི་དྲུང་ཆེར་སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་རྣམ་གཉིས་སོ་སོར་ཐུགས་གཏན་འཁེལ་འདུག དེ་རྗེས་ཚོགས་ཆུང་གི་ཚོགས་མི་རྣམ་པར་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་ནས་ཚོགས་ཆུང་གི་གནང་སྒོ་དང་འབྲེལ་བའི་ལམ་སྟོན་གནང་ཡོད་ཅིང་། ཚོགས་ཆུང་གི་གྲུབ་དོན་སྙན་ཐོ་ ༢༠༡༧ ཟླ་ ༣ ཚེས་ ༡༤ ཉིན་གྲོས་ཚོགས་ཚོགས་དུས་ ༣ པའི་གོང་ཚོགས་དྲུང་ལས་ཁུངས་སུ་འབུལ་ཐུབ་པ་གནང་རྒྱུ་ཡིན་པའི་གནས་ཚུལ་དུ།།

IMG20170216094652