བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཁེ་ན་ཌར་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

༄༅། ། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་རྣམ་པ་ཕྱིའི་རྒྱལ་ཁབ་ཁག་ནང་བོད་ཀྱི་གནད་དོན་ཞུ་སྐུལ་སླད་ཕེབས་སྲོལ་ཡོད་པ་ལྟར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་བཞི་པ་བྱང་ཨ་རིའི་དོན་གཅོད་ཁྱབ་ཁོངས་ཁེ་ན་ཌའི་རྒྱལ་ཁབ་ནང་སྤྱི་འཐུས་ཚོགས་མི་བཞི་ལས་གྲུབ་པའི་སྤྱི་འཐུས་རྣམས་ཕྱི་ཚེས་ ༧ ཉིན་རྡ་ས་ནས་ཕེབས་ཐོན་གནང་སྟེ་ཕྱི་ཚེས་ ༡༡ ཉིན་ཁེ་ན་ཌར་སྣེ་ལེན་དང་སྦྲགས་ཕེབས་འབྱོར་གནང་ཡོད་པ་དང་། སྤྱི་འཐུས་ཚོགས་ཆུང་གི་ཚོགས་མི་བོད་མི་མང་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་མཆོག་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་མཆོག སྤྱི་འཐུས་མི་འགྱུར་རྡོ་རྗེ་མཆོག་བཅས་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝ་ (Ottawa) དང་། མོནྚ་རེལ་ (Montreal) གྲོང་ཁྱེར་དང་། ཊོ་རོན་ཊོ་ (Toronto) གྲོང་ཁྱེར་བཅས་ནང་ཕྱི་ཚེས་ ༡༧ བར་མཛད་རིམ་ཡོད་པ་དང་། ཕྱི་ཚེས་ ༢༡ ཉིན་ཁེ་ན་ཌ་ནས་རྒྱ་གར་ལ་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་དུ། །